མཚོ་སྔོན་གྱི་གྲོང་ཁྱེར་ཚོགས་པའི་ས་ཁུལ་གྱི་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་འཆར་འགོད་སྒྲིག་བཟོ་བྱ་བའི་བཞུགས་མོལ་ཚོགས་འདུ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་འཆར་འགོད་སྒྲིག་བཟོ་བྱ་བའི་བཀོད་སྒྲིག་ལྟར། གཏིང་ཟབ་དུ་བྱེད་པ་གསུམ་དང་ཇེ་མགྱོགས་སུ་གཏོང་དགོས་པ་གསུམ། བྱེད་ནུས་འདོན་སྤེལ་གསུམ་གྱི་བྱ་འགུལ་བཀོད་སྒྲིག་ལྟར། ཟླ་8པའི་ཚེས་12ཉིན། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཟི་ལིང་དུ་གྲོང་ཁྱེར་ཚོགས་པའི་ས་ཁུལ་གྱི་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་འཆར་འགོད་སྒྲིག་བཟོ་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། གྲོང་ཁྱེར་ཁྱབ་ཁོངས་སུ་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་ལྷོ་དང་མཚོ་བྱང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་གི་འགན་ཁུར་བློ་མཐུན་དང་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་གཙོ་བོ། ཞིང་ཆེན་ཏང་ཨུའི་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་འཆར་འགོད་སྒྲིག་བཟོ་ཚན་ཆུང་གི་ཁོངས་མི་ཚང་མ་ཚོགས་འདུར་ཞུགས། 

དུས་ཡུན་རིང་བོར། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ལན་ཀྲུ་དང་ཟི་ལིང་གྲོང་ཁྱེར་གྱི་འཛུགས་སྐྲུན་དེ་དུས་རབས་གསར་བའི་མཚོ་སྔོན་གྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་འཐབ་ཇུས་ཁ་ཕྱོགས་སུ་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། དེང་རབས་ཅན་དུ་ཁ་ཕྱོགས་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཀྱིལ་སྙིང་སྒུལ་ཤུགས་གསར་སྐྲུན་བྱས་ཏེ། གྲོང་ཁྱེར་དཔལ་འབྱོར་དང་མི་གྲངས་ཀྱི་འདེགས་ཚད་མཐོར་འདེགས་སུ་བཏང་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཞབས་ཞུའི་བྱེད་ནུས་ལ་འགན་སྲུང་བྱས། ཐེངས་འདིའི་གྲོང་ཁྱེར་འཆར་འགོད་སྒྲིག་བཟོ་ཞིབ་འཇུག་བྱ་བའི་ཚོགས་འདུ་དེ་མཚོ་སྔོན་ཞིང་ཆེན་གྱི་ཆེས་ཐོག་མ་ཡིན་ཞིང་། ཚོགས་འདུ་འཚོགས་པ་དེས་གྲོང་ཁྱེར་གཞི་གཅིག་ཅན་གྱི་མཐུན་སྦྱོར་འཕེལ་རྒྱས་ཀྱི་གཅིག་མཐུན་འདོད་བློ་ཆགས་པ་མ་ཟད། གྲོང་ཁྱེར་གྱི་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་འཕེལ་རྒྱས་ཀྱི་དགོས་མཁོར་མཐུད་སྦྲེལ་བྱས་ཏེ། གྲོང་ཁྱེར་གྱི་འཆར་འགོད་སྒྲིག་བཟོ་མཐུན་སྦྱོར་མཐོར་འདེགས་སུ་བཏང་། 

བཞུགས་མོལ་ཚོགས་འདུའི་སྟེང་། གྲོང་ཁྱེར་དང་ཁུལ་སོ་སོས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ལག་བསྟར་བྱས་པའི་གནས་ཚུལ་དང་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་འཆར་འགོད་སྒྲིག་བཟོ་བྱ་བའི་གནས་ཚུལ་ཐད་ནས་བརྗེ་རེས་བྱས་པ་དང་། ས་ཁུལ་སོ་སོའི་འཕེལ་རྒྱས་ཀྱི་ཁྱད་ཆོས་ལ་དབྱེ་ཞིབ་ཟབ་མོ་བྱས་ཤིང་། དེ་མིན་རང་ས་ཁུལ་གྱི་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་འཕེལ་རྒྱས་ཀྱི་སྤྱིའི་བསམ་ཕྱོགས་དང་འཕེལ་རྒྱས་དམིགས་འབེན། གཙོ་གནད་ལས་འགན་མཚམས་སྦྱོར་བྱས་པ་མ་ཟད། རྒྱལ་ཁབ་དང་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་དུས་སྐབས་སུ་རྒྱབ་སྐྱོར་རབ་དང་རིམ་པ་བྱེད་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།