ཁོང་ཡུང་གིས་སྤུས་ཚད་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་ནས་སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པར་མཐོང་ཆེན་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་འགྲིམ་འགྲུལ་གྱི་རམ་འདེགས་བྱེད་དགོས་ཞེས་ནན་གྱིས་བསྟན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ8པའི་ཚེས11ཉིན།   མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་ཟི་ལིང་ནས་ཧུའུ་ཀྲུའུ་རྫོང་གི་རིམ་པ་དང་པོའི་གཞུང་ལམ་དང་། ཅ་ཏིང་ནས་ནུབ་མཚོ་བར་གྱི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ལ་བརྟག་ཞིབ་ལྟ་སྐུལ་སློབ་སྟོན་བྱས།   ཁོང་ཡུང་སྔ་རྗེས་སུ་ཟི་ལིང་ནས་ཧུའུ་ཀྲུའུ་ཡི་རིམ་པ་དང་པོའི་གཞུང་ལམ་རྣམ་གྲངས་ཡུན་ཅ་ཁོའུ་ཚོད་འཛིན་ལྟེ་གནས་དང་ཟམ་པ་སྒྲིག་བཟོ་བྱེད་པའི་ཡུལ་དངོས།   ཧུའུ་ཀྲུའུ་བྱང་རིའི་ཕུག་ལམ།   ཀན་ཁྲན་ཁོའུ་གཞུང་ལམ་སྣོལ་མཚམས་སོགས་རྣམ་གྲངས་ཡུལ་དངོས་སུ་འཛུགས་སྐྲུན་གྱི་མྱུར་ཚད་དང་།  སྐྱེ་ཁམས་སྲུང་སྐྱོང་བྱེད་ཐབས་དོན་འཁྱོལ་སོགས་ཀྱི་གནས་ཚུལ་རྒྱུས་ལོན་བྱས་པ་དང་།  རྣམ་གྲངས་ལག་བསྟར་ཁྲོད་གནས་པའི་དཀའ་ཁག་དང་གནད་དོན་མཐུན་སྦྱོར་དང་ཐག་གཅོད་བྱས་པ་རེད།  

ཁོང་ཡུང་གིས་འགྲིམ་འགྲུལ་གཙོ་གནད་རྣམ་གྲངས་ཀྱི་འཛུགས་སྐྲུན་གཙོ་གནད་དུ་བཟུང་སྟེ།  འགྲིམ་འགྲུལ་མ་ལག་བསྒྱུར་བཅོས་བཏང་ནས་མང་ཚོགས་ཀྱི་འགྲོ་སྐྱོད་ལ་སྟབས་བདེ་བསྐྲུན་ཏེ་གྲོང་ཁྱེར་གྱི་རྣམ་པ་མཐོར་འདེགས་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་འགན་སྲུང་དང་ཞབས་ཞུ་བྱེད་པར་དོན་སྙིང་གལ་ཆེན་ལྡན།  ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོའི་སྔར་ལས་ལྷག་པའི་སྒོ་ནས་འདུ་ཤེས་ཇེ་མཐོར་གཏོང་བ་དང་།    འགོར་འགྱངས་བྱེད་མི་ཆོག་པའི་ཁ་ཚ་དགོས་གཏུག་གི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་བཅངས་ནས་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ།  མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱས་ནས་གཙོ་གནད་རྣམ་གྲངས་ཀྱི་ལས་གྲྭའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་དགོས།  ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགྲིམ་འགྲུལ་གྱི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ནས་རྒྱ་ཆེའི་མང་ཚོགས་ཀྱིས་སྔ་མོ་ནས་འགྲིམ་འགྲུལ་འཛུགས་སྐྲུན་གྱི་གྲུབ་འབྲས་མཉམ་སྤྱོད་བྱེད་ཐུབ་པ་བྱེད་དགོས་ཞེས་བསྟན།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།