ཝང་ཡུས་ཡན་གྱིས་ཞིང་ཆེན་ཡོངས་ཀྱི་གཞི་རིམ་ཏང་འཛུགས་བྱ་བའི་ཡུལ་དངོས་སྐུལ་སྤེལ་ཚོགས་འདུའི་སྟེང་ཏང་གི་ཆབ་སྲིད་ཁྱད་སྟོབས་དང་རྩ་འཛུགས་ཁྱད་སྟོབས་དེ་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཕན་ནུས་ཆེན་པོར་བསྒྱུར་དགོས་པ་ནན་གྱིས་བསྟན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་བདུན་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཞིང་སྡེ་འབྲོག་ཁུལ་དང་། གྲོང་ཁྱེར། གཞུང་བཙུགས་སྨན་ཁང་། གསར་པ་གཉིས་ཀྱི་རྩ་འཛུགས་བཅས་ཀྱི་གཞི་རིམ་ཏང་འཛུགས་བྱ་བའི་ཡུལ་དངོས་སྐུལ་སྤེལ་ཚོགས་འདུ་ཟི་ལིང་ནས་ཚོགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཀྲང་ཝང་ཡུས་ཡན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།

ཚོགས་འདུའི་སྔོན་ལ། ཝང་ཡུས་ཡན་གྱིས་མཚོ་སྔོན་ལིས་ཀྲན་ཁྲིམས་རྩོད་པའི་ལས་དོན་ཁང་གིས་ཏང་འཛུགས་ཀྱིས་སྤྱི་ཚོགས་རྩ་འཛུགས་ཀྱི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པ་དང་། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཚོང་ལས་སྲང་ལམ་བྱང་མའི་སྡོད་ཁུལ་གྱིས་ཏང་འཛུགས་ཀྱིས་གྲོང་ཁྱེར་གྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལ་སྣེ་ཁྲིད་པའི་གནས་ཚུལ་ལ་ལྟ་སྦྱོང་བྱས། ཚོགས་འདུའི་སྟེང་ཁོ་མོས་བསྟན་དོན། ཐེངས་འདིའི་སྐུལ་སྤེལ་ཚོགས་འདུ་རབ་དང་རིམ་པ་ནི་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ས་གནས་ཀྱི་བཅོས་སྐྱོང་ལམ་ལུགས་ཀྱི་གསར་གཏོད་དང་བཅོས་སྐྱོང་ནུས་པའི་འཛུགས་སྐྲུན་སྐུལ་སྤེལ་བྱེད་པའི་ཐབས་ཤེས་ཞིབ་མོ་ཡིན་ལ། རྩ་འཛུགས་མ་ལག་འཛུགས་སྐྲུན་གྱི་ལོ་གསུམ་གྱི་འགུལ་སྐྱོད་ལག་བསྟར་བྱས་ཏེ་ལོ་གཅིག་ལྷག་འགོར་བའི་རིང་གི་ཕན་འབྲས་ཀྱི་གཅིག་བསྡུས་དཔྱད་འཇོག་དང་ཞིབ་བཤེར་ཡིན་པས། ཏང་འཛུགས་ཀྱིས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་སྣེ་ཁྲིད་པའི་བྱ་བ་ཏན་ཏིག་གིས་སྒྲུབ་སྟེ། ཏང་གི་ཆབ་སྲིད་ཁྱད་སྟོབས་དང་རྩ་འཛུགས་ཁྱད་སྟོབས་དེ་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་བྱེད་པའི་ཕན་ནུས་ཆེན་པོར་བསྒྱུར་དགོས། ཁོ་མོས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ཁྲིད་སྟོན་འབུར་དུ་ཐོན་པར་བྱས་ཏེ། སྲུང་སྐྱོབ་གཉིས་ཏང་འཛུགས་ཀྱིས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་སྣེ་ཁྲིད་པའི་བརྒྱུད་རིམ་ཧྲིལ་བོར་སྦྲེལ་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཏང་ཡོན་ལས་བྱེད་པ་ཡོངས་ཀྱི་བསམ་བློར་དྲག་ཆས་སྤྲས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱིས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ཁྲོད་ཐོན་པའི་ཆབ་སྲིད་ནུས་པ་ཇེ་ཆེར་གཏོང་དགོས། རྩ་འཛུགས་མ་ལག་དམ་ཚགས་སུ་བཏང་ནས། གཞི་རིམ་ཏང་རྩ་འཛུགས་ཀྱིས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལ་འགོ་ཁྲིད་བྱེད་པའི་ཞན་ཆ་ལེགས་པར་གསབ་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་རྩ་འཛུགས་ནུས་པ་ཇེ་དྲག་ཏུ་གཏོང་བ། གཞི་རིམ་རྩ་འཛུགས་ཀྱི་སྣེ་ཁྲིད་པའི་དཔུང་སྡེ་སྟོབས་ཅན་འཛུགས་པ་བཅས་ཀྱི་ཐད་འབད་པ་བྱེད་དགོས། གཙོ་གནད་མ་བསྒྱུར་བར་སྟབས་བདེ་ཕན་ལེགས་ཀྱི་སྲང་ལམ་དོ་དམ་སྒྲིག་སྲོལ་འཛུགས་དགོས་པ་དང་། སྡོད་ཁུལ་དང་རོང་འབྲོག་ཁུལ་གྱི་བཅོས་སྐྱོང་དང་གཞི་རིམ་རྨང་གཞིའི་འགན་སྲུང་རྐྱེན་སྲོལ་གསར་གཏོད་བྱས་ཏེ་འཐུས་ཚང་དུ་གཏོང་དགོས། དོན་འཁྱོལ་ལམ་ལུགས་འཐུས་ཚང་དུ་འཛུགས་པ་དང་། ལམ་ལུགས་ལག་བསྟར་བྱེད་ཚད་ཇེ་དྲག་ཏུ་བཏང་སྟེ། དཔྱད་ཞིབ་བཀོད་འདོམས་ཀྱི་ནུས་པ་བཏོན་ནས། གཙོ་གཞིའི་འགན་འཁྲི་རྒྱུན་མ་ཆད་པར་ནན་འཛིན་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།