མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་འཚོགས་ཏེ། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་བམ་པོ་གསུམ་པ་དང་བམ་པོ་གསུམ་པའི་དཔེ་སྐྲུན་བཞུགས་མོལ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཤིང་། ཏང་གི་འགོ་ཁྲིད་འགན་འཁྲི་ལག་བསྟར་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་གཙོ་ཁྲིད་འགན་འཁྲི་དོན་འཁྱོལ་བྱེད་པའི་ལས་དོན་ལ་ཆེད་དོན་ཞིབ་འཇུག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཚོགས་ཐོག་ཏུ། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་ཡིས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་བམ་པོ་གསུམ་པར་སློབ་སྦྱོང་དང་ཟུང་འབྲེལ་གྱིས་ཏང་གི་འགོ་ཁྲིད་ཀྱི་འགན་འཁྲི་སྒྲུབ་པ་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་གཙོ་ཁྲིད་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་དམིགས་ནས་གཏམ་བཤད་གནང་བ་རེད། ཚོགས་ཐོག་ནས་ད་ལོའི་ཚུན་དུ་ཞིང་ཆེན་ཏང་ཨུས་ཏང་གི་འགོ་ཁྲིད་འགན་འཁྲི་བསྒྲུབས་ཚུལ་དང་ཞིང་ཆེན་ཏང་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་གཙོ་ཁྲིད་འགན་འཁྲི་དོན་འཁྱོལ་བྱས་ཚུལ་བརྡ་ཁྱབ་བཏང་བ་རེད། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་བཅས་དང་། ཞིང་ཆེན་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་དང་། ཞིང་ཆེན་མི་དམངས་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཏང་ཙུའུ། ཞིང་ཆེན་ཏང་ཨུས་མངགས་པའི་ཏང་གི་ལས་དོན་ཨུ་ལྷན་དང་། ཞིང་ཆེན་ཏང་ཨུའི་སྡེ་ཁག་སོ་སོ། ཞིང་ཆེན་རིམ་པའི་མང་ཚོགས་ཚོགས་པའི་རྩ་འཛུགས་བཅས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་གཙོ་ཁྲིད་འགན་འཁྲི་དོན་འཁྱོལ་བྱས་ཚུལ་ཀྱི་སྙན་སེང་ཞུས་པར་གསན་པ་རེད།

གྲོས་ཚོགས་ཐོག་བསྟན་དོན། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་བམ་པོ་གསུམ་པས“སྤྱི་ཡོངས་གཉིས”ལ་དམིགས་ནས“རླབས་ཆེན་བཞི”ལ་སྤྱི་འདོམས་མཛད་ཅིང་། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས་གཅིག་བསྡུས་ཀྱིས་མངོན་པར་བྱས་ཡོད། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་རིགས་པའི་གཞུང་ལུགས་ཀྱི་ཉིང་བཅུད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་བརྒྱུད་རིམ་ལྡན་པའི་སྒོ་ནས་མཚོན་པའི་དབང་གྲགས་ལྡན་པའི་བརྩམས་ཆོས་ཤིག་རེད། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་བམ་པོ་གསུམ་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་པ་དང་། བམ་པོ་དང་པོ་དང་གཉིས་པ་བཅས་བརྩམས་ཆོས་ཧྲིལ་པོ་ཞིག་ཏུ་བརྩིས་ནས། གཙོ་འཛིན་གྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱས་ཏེ་གཙོ་འཛིན་གྱིས་ཁྲིད་སྟོན་བྱེད་པའི་ལམ་བུའི་ཐོག་བསྐྱོད་པ་དང་། གཙོ་འཛིན་གྱི་དགོངས་པར་སློབ་སྦྱོང་བྱེད་མཁན་གྱི་སློབ་མ་ཡག་པོ་ཞིག་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྔར་བས་མི་སེམས་ལ་ཟུག་པ་དང་ལས་དོན་ལ་སྔར་བས་ལེགས་པོའི་སྒོ་ནས་མཛུབ་ཁྲིད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། གཙོ་འཛིན་གྱི་བསམ་བློ་སློབ་སྦྱོང་བྱས་པ་བརྒྱུད། ཆབ་སྲིད་ཀྱི་འཚོ་བཅུད་ཁ་གསབ་དང་། ཆབ་སྲིད་ཀྱི་ཁ་ཕྱོགས་གསལ་སྟོན། ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། རྒྱུན་སྦྱོང་གསར་པ་དང་། སྦྱངས་སྤྱོད་མཉམ་སྒྲུབ། ཤེས་སྤྱོད་ཟུང་འབྲེལ་བཅས་བྱེད་པ་དང་། སློབ་སྦྱོང་ཇི་ཙམ་བྱས་ན་དེ་ཙམ་གྱིས་སེམས་སུ་གསལ་བ། ཇི་ཙམ་སྦྱངས་ན་དེ་ཙམ་གྱིས་དྲང་ནུས་ལྡན་པ། ནང་སེམས་ཀྱི་འཇིག་རྟེན་ཉི་འོད་ཀྱིས་ཁེངས་པ་བཅས་བྱེད་དགོས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་ཞིང་ཆེན་རིམ་པའི་འགོ་ཁྲིད་ཚན་པ་ཁག་གིས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས། ཞིང་ཆེན་ཡོངས་སུ་སློབ་སྦྱོང་གི་ཚ་རླབས་འཕྱུར་དུ་འཇུག་པ་དང་། གཙོ་འཛིན་གྱི་བསམ་བློ་དམངས་སེམས་ལ་ཟུག་པ་དང་། དོན་དངོས་ལ་འབེབས་པ། གཏིང་ཟབ་ཏུ་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ཐོག་ནས་བསྟན་དོན། གཙོ་ཁྲིད་འགན་འཁྲི་སྒྲུབ་པར་ཐོག་མཐའ་བར་གསུམ་དུ་སྐྱོན་བྲལ་གྱིས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་རྒྱུན་འཁྱོངས་བྱེད་དགོས། ཏང་ནང་གི་ཆབ་སྲིད་འཚོ་བ་ནི་ཏང་གཤིས་སྦྱོང་བརྡར་བྱེད་པའི་བཞུ་ཐབ་ལྟ་བུ་ཡིན། དེ་ནི་ང་ཚོའི་ཏང་གི་སྲོལ་རྒྱུན་བཟང་པོ་དང་ཆབ་སྲིད་ཀྱི་དགེ་མཚན་ཡིན་ལ། སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱེད་པའི་ཐབས་མཆོག་གལ་ཆེན་ཡང་ཡིན། ཏང་ནང་གི་ཆབ་སྲིད་འཚོ་བ་ག་འདྲ་ཞིག་ཡོད་ན། ཏང་ཡོན་གྱི་སྤྱོད་ཚུལ་དང་ལས་བྱེད་པའི་སྤྱོད་ཚུལ་དེ་འདྲ་ཞིག་ཆགས་ཐུབ་པ་རེད། ཏང་ནང་གི་ཆབ་སྲིད་འཚོ་བ་རྒྱུན་ལྡན་དང་སྐྱོན་བྲལ་ཡོང་ཚེ། ད་གཟོད་རྡུལ་སེལ་དང་འཚག་རྒྱག་པའི་ནུས་པ་ཐོན་ཐུབ། ཐབས་མཆོག་གལ་ཆེན་འདི་བེད་སྤྱོད་ཡག་པོ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ཏང་ནང་གི་ཆབ་སྲིད་འཚོ་བའི་རྩ་དོན་དང་། ལམ་ལུགས། བྱེད་ཐབས་བཅས་བརྩི་སྲུང་ཡག་པོ་བྱེད་པ་དང་། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་། དམངས་གཙོའི་འཚོ་བའི་ཚོགས་འདུ། འགོ་ཁྲིད་ལས་བྱེད་པའི་རྩ་འཛུགས་ཀྱི་འཚོ་བ་ཉིས་བརྩེགས། ཏང་ཡོན་ལ་དམངས་གཙོས་དཔྱད་གླེང་བྱེད་པ། སྙིང་གཏམ་བརྗོད་ཅིང་གླེང་མོལ་བྱེད་པ་སོགས་ཀྱི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ཏེ། ཏང་ནང་གི་ཆབ་སྲིད་འཚོ་བའི་བཞུ་ཐབ་འདི་རྒྱུན་དུ“བསྲེགས་པ”དང་། རྟག་ཏུ“རྒྱས་པ།” གཏན་དུ“ཚ་བ”བཅས་ཡོང་བར་བྱས་ཏེ། ཆབ་སྲིད་ཀྱི་རང་བཞིན་དང་། དུས་རབས་ཀྱི་རང་བཞིན། རྩ་དོན་གྱི་རང་བཞིན། འཐབ་འཛིང་གི་རང་བཞིན་བཅས་དངོས་སུ་མཚོན་པ་དང་། མཐུན་སྒྲིལ་གཅིག་གྱུར་དང་གཟབ་ནན་འཁྲུག་པོ་ཡིན་པའི་ཆབ་སྲིད་ཀྱི་རྣམ་པ་བསྐྲུན་དགོས་ཞེས་བསྟན། 

གྲོས་ཚོགས་ཐོག་ནན་གསུང་གནང་དོན། གཙོ་ཁྲིད་འགན་འཁྲི་སྒྲུབ་པར་ཐོག་མཐའ་བར་གསུམ་དུ་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་སྣོད་བཅུད་བཟང་པོ་གཏོད་རྒྱུར་མཐོང་ཆེན་བྱེད་དགོས། ཆབ་སྲིད་སྐྱེ་ཁམས་ནི་ཏང་སྲོལ་སྲིད་སྲོལ་དང་། སྤྱི་ཚོགས་ཀྱི་དར་སྲོལ་དང་དམངས་སྲོལ་ལ་འབྲེལ་བ་ཡོད་ཅིང་། ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་ཚེ་ཚང་མར་སུན་སྣང་མི་སྐྱེས། ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་པོ་ནི་གཙོ་བོ་སྤྱོད་གཙང་འདོན་སྤེལ་དང་སྲོལ་བཟང་དར་སྤེལ་བྱ་རྒྱུ་དེ་ཡིན། རང་གཅུན་ལ་བརྟེན་དགོས་ལ། གཞན་གཅུན་ལ་དེ་བས་ཀྱང་བརྟེན་དགོས། ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ནི་གཞན་གཅུན་གྱི་ཐབས་ལམ་དང་འཛིན་བྱེད་ནུས་ལྡན་ཞིག་ཡིན། ལྟ་སྐུལ་གྱི་ནུས་པ་རྒྱུན་དུ་བཏོན་ན་ད་གཟོད་ལས་བྱེད་པར་དོན་དག་འབྱུང་མི་སྲིད། ལྟ་སྐུལ་གྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པས་བཀག་སྡོམ་ཁུལ་དང་དམིགས་བསལ་མེད་པ་རེད། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་ཚང་མས་རང་རྟོགས་ངང་ལྟ་སྐུལ་འོག་སློབ་སྦྱོང་དང་། ལས་ཀ་སྒྲུབ་པ། འཚོ་བ་རོལ་བ་བཅས་བྱེད་པའི་གོམས་གཤིས་ཆགས་པར་བྱེད་དགོས་ཤིང་། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་ནི་ཆེས་ནུས་ལྡན་གྱི་མཚོན་ཆ་ཡིན་ཞེས་གསུངས། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།