རྨ་ལྷོ་ཁུལ་གྱིས་རྩྭ་ཐང་སྲུང་སྐྱོང་སྲོལ་ཡིག་དངོས་སུ་ཁྱབ་བསྒྲགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའིའཕྲིན།  ཟླ7པའི་ཚེས30ཉིན།  རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། 《རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩྭ་ཐང་སྲུང་སྐྱོང་སྲོལ་ཡིག》དངོས་སུ་ཁྱབ་བསྒྲགས་བྱས།  དེ་ནི་ཁུལ་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་སྐྱེ་ཁམས་སྲུང་སྐྱོང་ལ་དམིགས་ནས་ཁྱབ་བསྒྲགས་བྱས་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་པོ་རེད།

2020ལོའི་ཟླ3པའི་ཚེས11ཉིན་རྨ་ལྷོ་ཁུལ་གྱི་དམངས་འཐུས་ཚོགས་ཆེན་སྐབས་བཅོ་ལྔ་པའི་ཐོག་གྲོས་འཆམ་བྱུང་ནས།  2020ལོའི་ཟླ6པའི་ཚེས10ཉིན།  ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པའི་ཐོག་ཞིབ་བཤེར་ཆོག་མཆན་གནང་ཞིང་། 《སྲོལ་ཡིག》དེ་བདེ་བླག་ངང་ཁྱབ་བསྒྲགས་བྱས།  2020ལོའི་ཟླ8པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱས་པ་རེད།

 གསར་འགོད་པས་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་བར་གཞིགས་ན།  《སྲོལ་ཡིག》ནང་མིག་སྔའི་རྩྭ་ཐང་གི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་།  འཛུགས་སྐྲུན། དོ་དམ་བཅས་ཀྱི་ཁྲོད་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས།  ལམ་ལུགས་རབ་དང་རིམ་པ་གཏན་འབེབས་བྱས་ཡོད་ཅིང་།  དེས་རྨ་ལྷོ་ཁུལ་གྱི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུ་རེད།  ཁུལ་དེའི་རིམ་པ་སོ་སོའི་སྲིད་གཞུང་སྡེ་ཁག་དང་ལས་ཁུངས་སོ་སོས་མགྱོགས་མྱུར་ངང་སློབ་སྦྱོང་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་ཕྱོགས་ཡོངས་ནས་《སྲོལ་ཡིགལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།   །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།