མཚོ་སྔོན་ཞིང་ཆེན་གྱིས་ཕྱོགས་མང་པོའི་ཤུགས་བཏོན་ཏེ་སྤྱི་ཚོགས་འགན་སྲུང་དང་དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་ཤེས་རྟོགས་བྱུང་བ་ལྟར་ན། “བརྟན་བརླིང་དྲུག”གི་ལས་དོན་ཏན་ཏིག་སྒྲུབ་པ་དང་། “འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བྱས་ནས་མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཚོགས་འགན་སྲུང་གི་དམངས་འཚོའི་མས་སྐྱོར་ནུས་པ་འདོན་སྤེལ་གང་ལེགས་བྱ་ཆེད། སྤྱི་ཚོགས་འགན་སྲུང་གི་སྲིད་ཇུས་ཕྱོགས་མང་ལག་བསྟར་ཤུགས་ཆེན་བརྒྱབ་སྟེ་“ཁེ་ལས་ཀྱིས་སྲིད་ཇུས་འཚོལ་བ”ནས“སྲིད་ཇུས་ཀྱིས་ཁེ་ལས་འཚོལ་བར”བསྒྱུར་ནས་སྤྱི་ཚོགས་འགན་སྲུང་དང་ཁེ་ཕན་དམངས་ཕན་གྱི་སྲིད་ཇུས་ཁག་དོན་འཁྱོལ་ནུས་ལྡན་ཐུབ་རྒྱུར་འགན་ལེན་བྱས། 

ཁེ་ལས་ཀྱི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་ཆག་ཡང་གི་སྲིད་ཇུས་རྒྱུན་མཐུད་ངང་སྤྱད། སྲིད་ཇུས་ཆག་ཡང་དང་རྩ་ཆག་གཏོང་བའི་དུས་ཡུན་ཇེ་རིང་དུ་བཏང་ཞིང་། མིག་སྔའི་བར་ཁེ་ལས་ཀྱི་སྤྱི་ཚོགས་འགན་སྲུང་གྲོན་དངུལ་སྒོར་དུང་ཕྱུར16.53ཉུང་དུ་བཏང་ཡོད། དེའི་ནང་ཁེ་ལས་ཀྱི་རྒན་གསོའི་འགན་བཅོལ་ལ་སྒོར་དུང་ཕྱུར15.35དང་། ལས་ཤོར་འགན་བཅོལ་ལ་སྒོར་ཁྲི6500། ལས་རྨས་འགན་བཅོལ་ལ་སྒོར་ཁྲི5300བཅས་ཟིན་ཡོད།  

ལས་ཤོར་འགན་བཅོལ་གྱི་ལས་བརྟན་ཕྱིར་སློག་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་པ། ཁེ་ལས་ཀྱི་སྙན་ཞུ་ཁྱོན་ཡོངས་ནས་མེད་པར་བཟོས་ཏེ་ཞིབ་བཤེར་གཏོང་སྤྲོད་ཀྱི་གོ་རིམ་སྟབས་བདེར་བཏང་ཞིང་།འགན་བཅོལ་ནང་ཞུགས་པའི་ཁེ་ལས5621ལ་ཀུན་ཕན་ཅན་གྱི་ལས་བརྟན་ཕྱིར་སློག་མ་དངུལ་སྒོར་དུང་ཕྱུར1.16སྤྲད་ནས་ལས་བཟོ་པ་ཁྲི26.2ལ་ཕན་ཁེ་ཐོབ་ཡོད། ཁག་དང་པོའི་དཀའ་ངལ་ཡོད་པའི་ཁེ་ལས་18ལ་ལས་བརྟན་ཕྱིར་སློག་མ་དངུལ་སྒོར་དུང་ཕྱུར1.75སྤྲད་ནས་ལས་བཟོ་པ་ཁྲི1.92ལ་ཕན་པ་ཐོབ་ཡོད། ཁག་གཉིས་པའི་དཀའ་ངལ་ཡོད་པའི་ཁེ་ལས44ཡི་ལས་བརྟན་ཕྱིར་སློག་མ་དངུལ་ལ་ཞིབ་བཤེར་གཏན་འབེབས་བྱས་ཟིན་ཞིང་། མ་དངུལ་སྒོར་དུང་ཕྱུར2.2དང་ལས་བཟོ་པ་ཁྲི2.4དང་འབྲེལ་བ་ཡོད། མིག་སྔར་གོ་རིམ་ལྟར་ཆོག་མཆན་ཞུ་བཞིན་ཡོད་ཅིང་སྔོན་དཔག་བྱས་ན་ཟླ8པར་སྤྲོད་རྒྱུ་རེད། 

ལས་ཤོར་འགན་བཅོལ་གྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་རྒྱུའི་སྲིད་ཇུས་ལ་གནད་སྨིན་ཤུགས་སྣོན་བརྒྱབ་པ། ལས་ཤོར་འགན་བཅོལ་གྱི་འགན་སྲུང་ཁྱབ་ཁོངས་ཆེ་རུ་བཏང་ནས་ལས་ཤོར་མི་སྣ483ལ་ལས་ཤོར་ཁ་གསབ་རོགས་དངུལ་སྒོར་ཁྲི55.69སྤྲད་པ་དང་། ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་ལས་བརྟན་ལོངས་སྤྱོད་བསྡུར་ཚད100%བར་མཐོ་རུ་ཕྱིན། ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་518ལ་ལས་བརྟན་ཕྱིར་སློག་མ་དངུལ་སྒོར་ཁྲི644.67སྤྲད་པ་དང་། སྔོན་དཔག་བྱས་ན་ཞིང་ཆེན་ཡོངས་ཀྱི་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས5500ལྷག་ལ་སྒོར་ཁྲི4700སྤྲོད་རྒྱུ་རེད། 

མིག་སྔའི་བར། ལས་ཤོར་མི་སྣ4263ལ་ལས་ཤོར་འགན་བཅོལ་དངུལ་སྒོར་ཁྲི2583.46སྤྲད། དེའི་ནང་ལོ་ན་ཆེ་བ་དང་ལོ་ཚོད་ལས་བརྒལ་བའི་ལས་ཤོར་མི་སྣ་མི་ཐེངས803ལ་ལས་ཤོར་འགན་བཅོལ་དངུལ་སྒོར་ཁྲི129.37སྤྲད་པ་དང་། ལས་ཤོར་ཞིང་པ་ལས་མི154ལ་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་སྒོར་ཁྲི147.78སྤྲད། ཟོག་གོང་གནས་སྐབས་ཁ་གསབ་སྒོར་ཁྲི423.1སྤྲད་པས་མི་ཐེངས་ཁྲི1.69ལ་ཕན་པ་ཐོབ་ཡོད།

ལས་ཤོར་འགན་བཅོལ་དང་རྩལ་ནུས་མཐོར་གཏོང་ཁ་གསབ་དུས་གཅིག་ཏུ་སྤྲད། ལས་ཤོར་འགན་བཅོལ་གྱི་རྩལ་ནུས་མཐོར་གཏོང་ཁ་གསབ་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱས་ཤིང་། ཤིན་ཏུ་དབུལ་བའི་ས་ཁུལ་གྱི་འགན་བཅོལ་ནང་ཞུགས་པའི་ལས་བཟོའི་རྩལ་ནུས་མཐོར་གཏོང་ཁ་གསབ་ལེན་པའི་ཆ་རྐྱེན་ལྷུག་ཏུ་གཏོང་བ་དང་། ཁེ་ལས་ཀྱི་ལས་ཐོག་ལས་བཟོ་བའི་རྩལ་ནུས་ཆེ་རུ་གཏོང་རྒྱུར་སྐུལ་མ་གཏོང་བ་བཅས་བྱས་ནས་འབྱུང་རྩ་ནས་ལས་ཤོར་ཚད་ཉུང་དུ་བཏང་། མིག་སྔའི་བར་འགན་བཅོལ་ནང་ཞུགས་མཁན་ལས་བཟོ541ལ་རྩལ་ནུས་མཐོར་གཏོང་གི་ཁ་གསབ་སྒོར་ཁྲི83.95སྤྲད་པ་རེད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།