མཚོ་སྔོན་ཞིང་ཆེན་གྱིས་ཐུམ་འབུའི་ནད་པར་བཤགས་བཅོས་བྱས་ཏེ་ནད་པ་གཙང་སེལ་བྱེད་པའི་བྱ་འགུལ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་8པའི་ཚེས་3ཉིན། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་དུ་མཚོ་སྔོན་ཞིང་ཆེན་གྱི་ཐུམ་འབུའི་ནད་པ་བཤགས་བཅོས་བྱས་ཏེ་ནད་པ་གཙང་སེལ་བྱེད་པའི་བྱ་འགུལ་སྤེལ། བྱ་འགུལ་སྟེང་ཆིན་ཧྭ་ཁྲང་ཀིན་སྨན་ཁང་གི་ཏུང་ཅ་ཧོང་ཡོན་ཧྲི་ཚོགས་པ་ཡུལ་དངོས་སུ་སླེབས་པ་དང་། ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར་དང་ཁུལ་སོ་སོའི་བདེ་ཐང་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་དང་ཞིང་ཆེན་དང་ཁུལ། རྫོང་རིམ་པའི་སྨན་བཅོས་སྡེ་ཁག  970སྨན་ཁང་། ནུབ་རྒྱུད་འཐབ་ཁུལ་གྱི་སྤྱིའི་སྨན་ཁང་གི་ལས་སྒྲུབ་འགན་ཁུར་བ་སོགས་མཛད་སྒོའི་སྟེང་ཞུགས། 

རྒྱུས་ལོན་པ་ལྟར་ན། ནད་པ་གཙང་སེལ་བྱེད་པའི་བྱ་འགུལ་གྱིས་གྲོང་ཁྱེར་དང་ཁུལ་ལས་ཁུངས་སུ་བྱས་ཏེ། ཟླ7པ་ནས་ཟླ་11བར། ཞིང་ཆེན་ཡོངས་ཀྱི་ཐུམ་འབུའི་ནད་ཀྱི་བཤགས་བཅོས་ནད་པའི་སྨན་བཅོས་ལེགས་འགྲུབ་བྱེད་པ་དང་། ཞིང་ཆེན་མི་དམངས་སྨན་ཁང་དང་། མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་། མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གཙོས། ཏུང་ཅ་ཧོང་ཡོན་ཧྲི་ཚོགས་པ་དང་། འགན་སྲུང་དམག་དཔུང་མཚོ་སྔོན་དུ་རོགས་སྐྱོར་བྱེད་པའི་སྨན་བཅོས་སྡེ་ཁག་དང་གྲོང་ཁྱེར་དང་ཁུལ་སོ་སོའི་ཐུམ་འབུའི་ནད་ཀྱི་སྨན་བཅོས་ལག་རྩལ་སྟོབས་ཤུགས་སུ་བྱེད་པ་དང་། གྲོང་ཁྱེར་དང་ཁུལ། རྫོང་།ཤང་དང་གྲོང་རྡལ། སྡེ་བ་སོ་སོས་འགན་ཁུར་ཏེ། ནད་པར་རིན་མེད་ངང་སྨན་བཅོས་བྱེད་པའི་རྨང་གཞིའི་སྟེང་། ལོ་འདིའི་ནང་ཞིང་ཆེན་ཡོངས་སུ་བཤགས་བཅོས་བྱེད་དགོས་པའི་ནད་པར་གཅིག་བསྡུས་སྒོས་སྨན་བཅོས་བྱས་ནས་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་ལས་འགན་སྔ་མོ་ནས་མངོན་འགྱུར་བྱེད་རྒྱུ་རེད། 

འགོ་རྩོམ་མཛད་སྒོ་མཇུག་སྒྲིལ་རྗེས། ཏུང་ཅ་ཧོང་ཡོན་ཧྲི་ཚོགས་པ་དང་ཞིང་ཆེན་ནང་ཁུལ་གྱི་ཆེད་མཁས་པ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་ཐུམ་འབུའི་ནད་ཀྱི་བཤགས་བཅོས་བྱ་འགུལ་སྤེལ།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།