མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཏང་རྩ་འཛུགས་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས3ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་ཏང་རྩ་འཛུགས་ཀྱི་གྲོས་ཚོགས་ཐེངས55པ་དང་ཀྲུའུ་ཞིའི་གྲོས་ཚོགས་ཐེངས41པར་གཙོ་སྐྱོང་གནང་ནས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

གྲོས་ཚོགས་སྟེང་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་སྟེང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། མཚོ་སྔོན་གྱི་ས་གནས་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་བཅོས་སྐྱོང་ནུས་པ་འཛུགས་སྐྱོང་ལ་ཆེད་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཏེ། སྔར་ལས་ལྷག་པར་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ནུས་པ་ལྡན་པའི་ཁག་ཐེག་འདོན་སྤྲོད་བྱས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས། མཚོ་སྔོན་ཞིང་ཆེན་གྱིས་ས་གནས་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་བཅོས་སྐྱོང་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་དམིགས་འབེན་ལས་འགན་དང་། གཙོ་གནད་ལས་དོན། གཞི་རྩའི་བླང་བྱ་བཅས་ལ་ངོས་འཛིན་གཏིང་ཟབ་དང་ཡང་དག་པར་ཁོང་དུ་ཆུད་པ་བྱས་ཤིང་། བསམ་བློ་དང་བྱ་སྤྱོད་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་བླང་བྱ་གལ་ཆེན་གྱི་སྟེང་ནན་ཏན་གྱིས་གཅིག་གྱུར་ཡོང་བ་བྱས། མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་འགན་འཁྲིའི་ངེས་གནས་ལ་དམིགས་ནས་སྲིད་གྲོས་ལམ་ལུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་གྲོས་ཀྱི་ཏང་འཛུགས་སྐྱོང་། འགན་སྒྲུབ་ལས་དོན། རྩ་འཛུགས་དོ་དམ། ནང་ཁུལ་འཁོར་སྐྱོད་བཅས་ལ་ཁྱབ་པའི་ལམ་ལུགས་མ་ལག་སྔར་བས་འཐུས་ཚང་དུ་བཏང་ནས་མཚོ་སྔོན་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་དང་མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་སྔར་བས་འཐུས་ཚང་དང་སྔར་བས་གཏན་འཁེལ་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་ཕུལ་དགོས་པར་བསྟན།

གྲོས་ཚོགས་སྟེང་རྒྱལ་ཡོངས་ས་གནས་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོའི་བྱ་བའི་བསམ་བློ་བརྗེ་རེས་ཀྱི་བཞུགས་མོལ་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས། རྒྱལ་ཡོངས་ས་གནས་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོའི་བྱ་བའི་བསམ་བློ་བརྗེ་རེས་ཀྱི་བཞུགས་མོལ་ཚོགས་འདུ་ནི་སྲིད་གྲོས་ཁོངས་གཏོགས་ཀྱིས་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཕན་ཚུན་ལ་སློབ་སྦྱོང་བྱེད་པ། ལས་དོན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཚོགས་འདུ་གལ་ཆེན་ཞིག་ཡིན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་ཀྱིས་ཞིང་ཆེན་ཏང་ཨུའི་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་རྒྱལ་ཡོངས་ས་གནས་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོའི་བྱ་བའི་བསམ་བློ་བརྗེ་རེས་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལ་ཟུང་འབྲེལ་བྱས་ཏེ། ཁྱོན་ཡོངས་ནས་རང་རེའི་ཞིང་ཆེན་སྲིད་གྲོས་ཀྱི་བྱ་བའི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་བར་སྐུལ་འདེད་གཏོང་བ་དང་། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ། ཇེ་ལེགས་སུ་གཏོང་བའི་གཙོ་གནད་ཁོང་དུ་ཆུད་པ་བྱས་ནས་ལམ་ལུགས་འཛུགས་སྐྱོང་དང་། སྤྱོད་ཚུལ་འཛུགས་སྐྱོང་། འབྲེལ་གཏུག་མཛུབ་ཁྲིད་སོགས་ཀྱི་ཐད་འབད་བརྩོན་བྱས་ཏེ་ཕན་འབྲས་ཐོན་པ་བྱེད་དགོས་པ་མ་ཟད། འགོ་ཁྲིད་ལ་ཤུགས་སྣོན་དང་། གཙོ་གནད་འབུར་དུ་འདོན་པ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བཅས་བྱས་ནས། ལོ་མཇུག་གི་གཙོ་གནད་གྲོས་མོལ་སྲིད་གླེང་ལས་དོན་ཁག་ནན་ཏན་གྱིས་རྩ་འཛུགས་དང་ལག་བསྟར་བྱས་ཏེ་སྤུས་ཚད་མཐོ་བའི་སྒོ་ནས་ལོ་ཧྲིལ་པོའི་ལས་འགན་ལེགས་སྒྲུབ་ཐུབ་པར་འགན་ལེན་བྱ་དགོས་ཞེས་ནན་གྱིས་བསྟན།

ཚོགས་འདུའི་སྟེང་《ཞིང་ཆེན་སྲིད་གྲོས་ཀྱི་བྱ་བའི་ལམ་ལུགས་གལ་ཆེན་འཛུགས་སྐྱོང་གི་ལས་འགན་དོན་འཁྱོལ་ཇུས་གཞི》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། འབྲེལ་ཡོད་མི་དོན་བྱ་བར་གྲོས་ཞིབ་བྱས།

མགོན་པོ་བཀྲ་ཤིས་དང་། རིན་ཆེན་རྣམ་རྒྱལ། ཀྲང་ཧྲོའུ་ཁྲིན། ཏུའུ་ཅའེ། ཀྲང་ཝུན་ཁུའེ། མ་ཧའེ་དབྱིན། ཝང་ཞུན། ཏུའུ་ཏི་ཀྲི། ལིག་ཏ་ཡེ་བཅས་ཚོགས་འདུརཞུགས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།