ཝང་ཅན་ཅུན་གྱིས་མཚོ་ཤར་གྲོང་ཁྱེར་ཕིན་ཨན་ས་ཁུལ་དུ་རྟོག་ཞིབ་བྱེད་སྐབས་དབུལ་ཐར་མཁྲེགས་གཏོར་གྱི་ཡོངས་ཁྱབ་ཞིབ་བཤེར་བྱ་བར་གནད་འཁེལ་དང་ཞིབ་ཚགས་ཅན་དུ་གཏོང་དགོས་ཞེས་ནན་གྱིས་བསྟན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས་3ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་མཚོ་ཤར་གྲོང་ཁྱེར་ཕིན་ཨན་ས་ཁུལ་དུ་སོང་ནས་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བར་རྟོག་ཞིབ་བྱས། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་ཐར་མཁྲེགས་གཏོར་གྱི་ཡོངས་ཁྱབ་ཞིབ་བཤེར་བྱ་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་།རྒྱལ་ཁབ་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་ཞིབ་བཤེར་བྱ་ཐབས་དང་ལས་གཞིའི་བླང་བྱ་ལྟར། ཁྲིམས་སྲོལ་སྒྲིག་སྲོལ་བསྟུན་ནས་ཁྱོན་ཡོངས་ནས་ཞིབ་བཤེར་བྱེད་པ་དང་། རང་རང་གི་ལས་འགན་ཁུར་ཏེ་གཞི་གྲངས་གནད་དུ་འཁེལ་བ་དང་། བྱ་བ་ཞིབ་ཚགས་སུ་གཏོང་བ། རྩིས་ཁྲ་གསལ་བཟོ་བྱས་ནས་དབུལ་ཐར་མཁྲེགས་གཏོར་ལས་རྣམ་པར་རྒྱལ་བར་གཞི་གྲངས་ཀྱི་གཞོགས་འདེགས་བྱེད་དགོས་ཞེས་བསྟན། 

ཧྲ་གུག་ཤང་ཧྲི་གུག་ཡན་སྡེ་བར། ཝང་ཅན་ཅུན་སྡེ་མི་ལིའི་ཝན་ཡོན་གྱི་ཁྱིམ་དུ་སོང་ནས། སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ་གྱི་སྲིད་ཇུས་དོན་འཁྱོལ་དང་། ཐོན་ལས་འཕེལ་རྒྱས། ལས་ཞུགས་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་ཡོངས་ཁྱབ་ཞིབ་བཤེར་ལས་གཞིར་རྒྱུས་ལོན་དང་མང་ཚོགས་ཀྱི་མྱོང་ཚོར་གཉིས་དམ་དུ་འབྲེལ་ཏེ། ད་ལྟའི་ཡོང་སྒོའི་གནས་ཚུལ་དང་དབུལ་ཐར་རྗེས་ཀྱི་འཆར་གཞི་ལ་རྒྱུས་ལོན་ཟབ་མོ་བྱས་ཤིང་། ལིའི་ཝན་ཡོན་ལ་སྐུལ་མ་བྱས་ཏེ་ཏང་གི་སྲིད་ཇུས་བཟང་བོ་དང་ལས་བྱེད་པའི་རོགས་རམ་དང་རང་སྟེང་གི་འབད་བརྩོན་ལ་བརྟེན་ནས། གསོ་སྤེལ་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་དུས་མཚུངས་སུ། སྡེ་མི་སྔར་ལས་མང་པོའི་ཡོང་སྒོ་འཕར་སྣོན་དང་འབྱོར་ཕྱུག་གི་ལམ་དུ་ཁྲིད་དེ། འཚོ་བ་སྔར་ལས་བདེ་སྐྱིད་ཡོང་བར་བྱེད་དགོས་ཞེས་སྐུལ་ལྕག་གནང་། 

དེའི་རྗེས་སུ། ཝང་ཅན་ཅུན་ཕིན་ཨན་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་གཞི་གྲངས་ཡོངས་ཁྱབ་ཞིབ་བཤེར་བསྡུ་ལེན་གཞུང་སྒྲུབ་ཁང་དུ་ཡོང་ནས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་རྒྱ་ཆེའི་གཞི་རིམ་དུ་ཡོངས་ཁྱབ་ཞིབ་བཤེར་བྱ་བ་སྒྲུབ་མཁན་ཚོར་བཀའ་དྲིན་ཆེ་ཞུས། ཁོང་གིས་བསྟན་དོན། ཡོངས་ཁྱབ་ཞིབ་བཤེར་བྱ་བའི་ཆུ་ཚད་དེས་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་ཆུ་ཚད་མཚོན་ཞིང་། ཏང་དང་མི་དམངས། ལོ་རྒྱུས་ལ་འགན་ཁུར་བའི་སྙིང་སྟོབས་ཀྱིས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་དོན་འཁྱོལ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལྟར། ཁྲིམས་ལྟར་ཞིབ་བཤེར་བྱ་བ་སྒྲུབ་ནས། གཞི་གྲངས་ཀྱི་སྤུས་ཚད་དེ་བླང་བྱ་དང་པོར་བཟུང་ནས་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ་དང་། བྱ་བ་ཞིབ་ཚགས་ཅན་དུ་བཏང་ནས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་ཚན་རིག་དང་ཕན་ནུས་ལྡན་པའི་གཞི་གྲངས་ཀྱི་གཞོགས་འདེགས་བྱས་ཏེ། ཏང་དང་སྲིད་གཞུང་ལ་སེམས་བདེ་ཞིང་རང་ཉིད་ཡིད་ཚིམ་པའི་འབྲས་བུ་ཞིག་ལེན་དགོས་ཞེས་བསྟན། 

ཝང་ཅན་ཅུན་གྱིས་ནན་གྱི་བསྟན་དོན། ཡོངས་ཁྱབ་ཞིབ་བཤེར་བྱ་བ་ནི་དབུལ་ཐར་མཁྲེགས་གཏོར་གྱི་རྟགས་ཚད་ལ་ཞིབ་དཔྱད་བྱེད་པ་ཞིག་ཡིན་པ་མ་ཟད། དབུལ་ཐར་མཁྲེགས་གཏོར་གྱི་ཕན་འབྲས་ལ་ཞིབ་བཤེར་བྱེད་པ་ཞིག་ཡིན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྡེ་ཁག་གིས་དམག་བཀའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། དབུལ་ཐར་མཁྲེགས་གཏོར་གྱི་ཡོངས་ཁྱབ་ཞིབ་བཤེར་བྱ་བ་དེ་གོ་སྐབས་སུ་བཟུང་ནས། གནད་དོན་དང་མི་འདང་སར་ཁ་གསབ་བྱེད་པ་དང་། སྐྱོན་ཆ་ཁ་གསབ་བྱས་ཏེ་དབུལ་ཐར་ལས་རྣམ་པར་རྒྱལ་བའི་རྣམ་འགྱུར་གྱིས་ཞིབ་བཤེར་བྱ་བ་སྲ་བརྟན་དུ་བཏང་སྟེ། སྤུས་ཚད་མཐོ་བའི་དབུལ་ཐར་དང་། དབུལ་ཐར་མཁྲེགས་གཏོར་ལས་རྣམ་པར་རྒྱལ་བར་ཁས་ལེན་མངོན་དུ་འགྱུར་བར་བྱེད་དགོས་ཞེས་བསྟན།

ཡུས་ཚུང་ལི། ཉའོ་ཁྲིན་ཡུན་རྟོག་ཞིབ་ཁྲོད་ཞུགས། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།