རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་པ་མཚོ་ལྷོ་ཁུལ་དུ་འཚོགས།

f064a7ee0f65729a5a53ac99681ba6b4.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། (གསར་འགོད་པ། རམས་ཚེ་བྷོ། ཚེ་མཁར་རྒྱལ།)ཟླ8པའི་ཚེས3ཉིན་གྱི་སྔ་དྲོར་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་པ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས། 

748d88fcaaa5eba85a5b3901c5cbd6a5.jpg

ཐེངས་འདིའི་ཚོགས་འདུ་ནི་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ལྷན་ཚོགས་ནས་གཙོ་སྒྲུབ་གནང་ཞིང་། མཚོ་ལྷོ་ཚགས་པར་ཁང་དང་། མཚོ་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་དང་མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་བཅས་ཀྱིས་འགན་སྒྲུབ་གནང་བ་རེད། པེ་ཅིན་དང་བོད་ལྗོངས། མཚོ་སྔོན། ཀན་སུའུ། ཡུན་ནན། སི་ཁྲོན་སོགས་ལྗོངས་ཞིང་ལྔའི་བོད་ཡིག་ཚགས་པར་ཁང་དང་དུས་དེབ་ཁང་། རྒྱང་སྒྲོག་བརྙན་འཕྲིན། དྲ་རྒྱ་སོགས་སྨྱན་སྦྱོར་ལས་ཁུངས50ཡི་ལས་བྱེད་མི་སྣ100ལྷག་ཐེངས་འདིའི་གྲོས་ཚོགས་སུ་ཞུགས་ཡོད།

0cc18245647a54f731eaddd29e6b4569.jpg

མཚོ་ལྷོ་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་དྲིལ་སྒྲོག་པུའི་པུའུ་ཀྲང་ཝེ་ཞིན་ཧྭ་དང་། མཚོ་ལྷོ་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་དཔལ་འབུམ་ཐར། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ཏང་ཙུའུ་ཁོངས་མིའམ་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཚེ་མགོན། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ཏང་ཨུའི་ཨུ་ཡོན་ནམ་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་བཀྲ་ཤིས་དཔལ་ལྡན། མཚོ་ལྷོ་ཁུལ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པའམ་དྲ་འཕྲིན་གཞུང་ལས་ཁང་གི་ཀྲུའུ་རེན་ཧྥུའུ་ཡེ་ལེན་ཚོགས་འདུར་ཞུགས་ཤིང་། ཁུལ་དཔོན་གཞོན་པ་དཔལ་འབུམ་ཐར་ལགས་ཀྱིས་ཚོག་འདུར་འགོ་འཛིན་བྱས་པ་དང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ཏང་ཨུའི་ཨུ་ཡོན་ནམ་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་བཀྲ་ཤིས་དཔལ་ལྡན་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝེ་ཞིན་ཧྭ་ཡིས་གསུང་བཤད་གནང་།

50da22558b271edaa6cbddcd3e609f15.jpg

ཚོགས་འདུ་ལས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཡང་དག་པའི་གླེང་ཕྱོགས་མཐའ་འཁྱོངས་བྱས་ནས་སྔར་ལས་ལྷག་པའི་སྒོ་ནས་བོད་ཡིག་སྨྱན་སྦྱོར་གྱི་ཁྱབ་སྤེལ་ནུས་པ་དང་། ཁྲིད་སྟོན་ནུས་པ། ཤུགས་རྐྱེན་ཐེབས་ནུས། ཀུན་གྱིས་ཡིད་ཆེས་བྱེད་ཚད་བཅས་ལ་ཤུགས་སྣོན་རྒྱག་དགོས། བྱ་སྤྱོད་ངོ་མའི་ཐོག་ནས“འདུ་ཤེས་བཞི”གཏིང་ཟབ་ཏུ་གཏོང་བ་དང་། “ཡིད་རྟོན་བཞི”སྲ་བརྟན་དུ་གཏོང་བ། “སྲུང་སྐྱོང་བྱེད་དགོས་པ་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ། བོད་ཡིག་སྨྱན་སྦྱོར་གྱིས་སྨྱན་སྦྱོར་མཉམ་འདྲེས་བྱེད་པའི་དུས་རབས་ཀྱི་ཁྱབ་སྤེལ་བྱེད་སྟངས་འཚོལ་ཞིབ་བྱས་ནས་བོད་ཡིག་སྨྱན་སྦྱོར་གྱིས་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་སོགས་དྲིལ་སྒྲོག་དང་།  སྔོན་ཐོན་རིག་གནས་དང་ཚན་རིག་ཤེས་བྱ་ཁྱབ་སྤེལ། གླེང་ཕྱོགས་གཡུལ་ས་བརྟན་སྲུང་། སྣེ་ཁྲིད་ནུས་པ་ཆེ་རུ་གཏོང་བ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་བོད་རིགས་ས་ཁུལ་གྱི་སྒྱུར་བཅོས་དང་། འཕེལ་རྒྱས། བརྟན་ལྷིང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བཅས་ལ་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས།

9dbd46efcece29961e3ee08b6d9d6f22.jpg

ཐེངས་འདིའི་ཚོགས་འདུ་ཉིན་ལྔ་རིང་འཚོགས་རྒྱུ་ཡིན་པ་དང་། བར་སྐབས་སུ་ཚོགས་ཞུགས་མི་སྣ་ཚོས་འགྲན་ཞུགས་བརྩམས་ཆོས་ལ་དཔྱད་ཞིབ་བྱ་རྒྱུ་དང་། སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་སྐོར་གྱི་ཉམས་མྱོང་སྤེལ་རེས་བྱ་རྒྱུ། ཡོངས་འཛིནAPPཔར་གཞི་གསར་པ་དང་ཡོངས་འཛིན་གཏག་ཐབས་ཀྱི་ཁྱབ་སྒྲོག་ཚོགས་འདུ་འཚོག་རྒྱུ། བརྡ་ཆད་གསར་པ་ཞིབ་དཔྱད་གཏན་འབེབས་བྱ་རྒྱུ། མཚོ་ལྷོ་ཁུལ་གྱི་འབྲེལ་ཡོད་ཐོན་ལས་གླིང་དུ་ཆེད་དོན་བཅར་འདྲི་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། ཚོགས་འདུ་ཟླ8པའི་ཚེས6ཉིན་གྲོལ་རྒྱུ་ཡིན་པ་རེད།  །

58592b36958dd83ebe9b6acc25115cee.jpg

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།