མགོ་ལོག་གི་སྡེ་ཁག་མང་པོས་མཐུན་སྦྱོར་སྒོས་བྱི་རིམས་མཉམ་འགོག་མཉམ་བཅོས་ལ་ཤུགས་སྣོན་བརྒྱབ་པ།

ཀྲུང་གོ་བོད་ཀྱི་དྲ་བའིི་འཕྲིན། ཟླ7པའི་ཚེས28ཉིན། གསར་འགོད་པས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ7པའི་ཟླ་དཀྱིལ་ནས་བཟུང་མགོ་ལོག་ཁུལ་གྱིས་ཁུལ་ཡོངས་ཀྱི་ཁྱབ་ཁོངས་སུ་བྱི་རིམས་ལྟ་ཞིབ་ཚད་ལེན་དང་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་སྟེ་བྱི་རིམས་འགོག་བཅོས་ཀྱི་མཉམ་འགོག་མཉམ་བཅོས་དང་སྡེ་ཁག་མང་པོས་མཐུན་སྦྱོར་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ། 

ཤེས་རྟོགས་བྱུང་བ་ལྟར་ན། མགོ་ལོག་ཁུལ་གྱིས་གཙོ་གནད་ལྟ་ཞིབ་ཚད་ལེན་རྫོང་སྟེ་རྨ་སྟོད་རྫོང་དང་རྨ་ཆེན་རྫོང་ཕུད། རྫོང་ཁག་ཞན་པ་བཞི་ལའང་བྱི་རིམས་ལྟ་ཞིབ་ཚད་ལེན་དང་བརྟག་དཔྱད་ཞིབ་ཕྲ་བྱས་པ་རེད། སྤྱི་བདེ་དང་ཞིང་འབྲོག འགྲིམ་འགྲུལ་སྐྱེལ་འདྲེན། རང་བྱུང་ཐོན་ཁུངས་ཅུའུ་སོགས་སྡེ་ཁག་མཉམ་འབྲེལ་ཐོག་བྱི་རིམས་ཀྱི་འགྲིམ་འགྲུལ་རིམས་ནད་ཞིབ་བཤེར་ས་ཚིགས་བཙུགས་ནས་འཕྱི་པགས་དང་། སྣུམ་རྒྱུ།ཤ་རིགས་སོགས་ཁྲིམས་འགལ་ངང་སྐྱེལ་འདྲེན་བྱེད་པའི་བྱེད་སྤྱོད་ལ་རྡུང་རྡེག་བཏང་། འཕྲོད་བསྟེན་བདེ་ཐང་སྡེ་ཁག་གིས་ཐེངས་གྲངས་མང་པ་དང་འདུས་ཚད་དམ་པ། ཁྱོན་ཡོངས་ཀྱིས་བྱི་རིམས་ལ་ལྟ་ཞིབ་ཚད་ལེན་བྱས་པ་ཕུད། ཆུ་ཚོད་24ཡི་འཕྲལ་སྡོམ་ལས་རེས་ལམ་ལུགས་ལག་བསྟར་ནན་ཏན་བྱས་ནས་བྱི་རིམས་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ་དང་འཕྲོད་བསྟེན་འཕྲལ་སྡོམ་བྱ་ཐབས་དུས་ཐོག་ཏུ་སྤྱོད་པའི་འགན་ལེན་བྱས་པ་རེད། ས་ཁོངས་ཀྱི་འགན་འཁྲི་དང་གཙོ་གཞིའི་འགན་འཁྲི། ཞས་ཁུངས་སམ་སྡེ་ཁག་གི་འགན་འཁྲི་སོགས་ཀྱི་འགན་འཁྲིའི་ལྟ་སྐུལ་ཁྲིད་སྟོན་ལམ་ལུགས་ལ་ཤུགས་སྣོན་བརྒྱབ་ཡོད། རྫོང་སོ་སོས་ད་དུང་སྔ་རྗེས་སུ་འཕྲལ་སྡོམ་སྔོན་ཇུས་འཐུས་ཚང་དུ་བཏང་ནས་བྱི་རིམས་ཀྱི་འཕྲལ་སྡོམ་ནང་སྦྱོང་བྱས་པས་འཕྲལ་སྡོམ་བཀོད་སྒྲིག་ནུས་པ་ཆེ་རུ་ཕྱིན་ཡོད། ། 

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།