གུང་ཧོའི་མཛད་སྤྱོད་དབུལ་སྐྱོར་སྒོ་རྩིས་ཚོང་ཁང་དུ་སྐྱོད་པ།

1.jpg

ཚོང་པས་བྱིས་པ་ཆུང་ཆུང་ལ་དབུལ་སྐྱོར་ཆེད་ཁུལ་གྱི་འོ་སྐྱུར་འཚོང་བཞིན་པ། 

2.jpg

ཚོང་པས་ཚོང་རྫས་དག་སྒྲིག་བྱེད་ཀྱིན་པ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས28ཉིན། གསར་འགོད་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་དབུལ་སྐྱོར་ཐོན་ལས་གླིང་གི་རུང་ཧོ་སྒོ་རྩིས་ཚོང་ཁང་གི་དབུལ་སྐྱོར་ཆེད་ཁུལ་དུ་སླེབས་པ་ན། ཨ་ཆེན་གངས་རྒྱབ་ཚགས་ཤ་སྐམ་པོ་དང་། ཞའེ་ཧྥུན་འོ་ལས་ཀྱི་འོ་སྐྱུར། མཚོ་སྔོན་པོའི་སྨན་རྫས་ཀྱི་ལག་བཟོས་སྐམ་ཐུག ཤིང་མངར་སོ་སྨན། གུང་ཧོ་རྫོང་ས་གྲུ་བཞི་ཤང་ཤིས་ཡོན་ཁྲང་མཉམ་ལས་ཁང་གི་པད་ཁའི་སྣུམ་དང་གྲོ་མ་སོགས་ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་ཕུན་སུམ་ཚོགས་པས་སྐུ་མགྲོན་མང་པོ་འགུག་བཞིན་ཡོད་པ་མཐོང་། 

གསར་འགོད་པས་ཤེས་རྟོགས་བྱུང་པ་ལྟར་ན། སྒོ་རྩིས་ཚོང་ཁང་དེ་ཟླ7པའི་ཚེས20ཉིན་སྒོ་ཕྱེ་བ་དང་། གུང་ཧོ་རྫོང་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་སྣེ་ཁྲིད་དང་མཐུན་སྦྱོར་འོག་སྒོ་རྩིས་ཚོང་ཁང་དུ་དབུལ་སྐྱོར་ཆེད་ཁུལ་བཙུགས་ནས་མཚོ་ལྷོ་ཁུལ་གྱི་རྫོང་ལྔའི་སྣེ་འདྲེན་ཁེ་ལས་དང་། ཆེད་ལས་མཉམ་ལས་ཁང་། དུད་ཚང་དབུལ་པོ་བཅས་ཀྱིས་ལས་སྣོན་བྱས་ནས་བཟོས་པའི་ཁྱད་ལྡན་ཐོན་རྫས་བཙོངས་ཏེ་འཛད་སྤྱོད་དབུལ་སྐྱོར་བྱས་པ་བརྒྱུད་དུད་ཚང་དབུལ་པོ་ཕྱུག་འགྱུར་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད། སྒོ་རྩིས་ཚོང་ཁང་གི་དབུལ་སྐྱོར་ཆེད་ཁུལ་གྱི་འགན་འཁུར་བ་ཡུས་ལུང་གིས་དུས་ཡུན་ཐུང་ཐུང་གཟའ་འཁོར་གཅིག་ནང་ཚོང་ཟོག200ལྷག་བྲིན་ཚོང་བྱུང་ཞིང་ཁེ་སྤོགས་སྒོར7000ལྷག་ཐོབ་ཡོད་ཅེས་བཤད། 

ཡུས་ལུང་གིས་གསར་འགོད་པར་བཤད་རྒྱུར། དབུལ་སྐྱོར་ཆེད་ཁུལ་བཙུགས་པ་ཕུད། གུང་ཧོ་རྫོང་གིས་ད་དུང་གྲོང་ཚོ་དབུལ་པོ20ལྷག་གི་དབུལ་སྐྱོར་ཆེད་སྤྱོད་མ་དངུལ་སྒོར་ཁྲི1200ལྷག་བཏང་ནས་དབུལ་སྐྱོར་ཐོན་ལས་གླིང་ཁུལ་དུ་ཚོང་ཁང་ཉོས་པ་དང་། སྒོ་རྩིས་ཚོང་ཁང་གི་ཁེ་སྤོགས་རག་རྗེས་ཁང་གླ་སྤྲད་པའི་རྣམ་པས་གྲོང་ཚོ་དབུལ་པོར་སྒོར་མོ་སྤྲད། དུས་མཚུངས་སུ་ད་དུང་ལོ་ལྟར་གྲོང་ཚོ་དབུལ་པོར་བགོ་འགྲེམས་བརྒྱབ་ནས་དབུལ་སྒྲོལ་དུད་ཚང་ལ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྔར་བས་སྐུལ་ཁྲིད་བྱེད་ཀྱིན་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།