2020ལོའི་སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞི་དང་མཚོ་སྔོན་ལྷོ་རྒྱུད་འཆར་གཞི། གཞི་རིམ་གཞོན་ནུའི་ཆེད་དོན་དང་བླངས་པའི་ཞབས་ཞུའི་འགོ་རྩོམ་མཛད་སྒོ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས31ཉིན། 2020ལོའི་སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞི་དང་མཚོ་སྔོན་ལྷོ་རྒྱུད་ཀྱི་འཆར་གཞི། གཞི་རིམ་གཞོན་ནུའི་ཆེད་དོན་དང་བླངས་པའི་ཞབས་ཞུའི་འགོ་རྩོམ་མཛད་སྒོ་མཚོ་སྔོན་ཞིང་ཆེན་གཞོན་ནུ་ལོ་ཆུང་བྱེད་སྒོའི་ལྟེ་གནས་སུ་འཚོགས་ཤིང་། ཞིང་ཆེན་ཡོངས་ཀྱི་རྫོང་རིམ་པའི་རྣམ་གྲངས་ལས་དོན་ཁང15དང་དང་བླངས་པའི་འཐུས་མི་200ལྷག་བྱེད་སྒོར་ཞུགས།

2020ལོར་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ལྷན་གྱིས་རང་ཞིང་དང་ཧྲན་ཏུང་། ཧི་ནན། ཀན་སུའུ། ཀྲེ་ཅང་། སི་ཁྲོན། ཧུའུ་པེ་བཅས་ཞིང་ཆེན་ཕྱིའི་སློབ་གླིང་གི་ནུབ་རྒྱུད་འཆར་གཞི་དང་། མཚོ་སྔོན་ལྷོ་རྒྱུད་འཆར་གཞི། གཞི་རིམ་གཞོན་ནུའི་ཆེད་དོན་དང་བླངས་པ་བཅས་ཁྱོན་མི800བསྡུས་ཡོད། དང་བླངས་པ་ཚོ་མཚོ་སྔོན་ཞིང་ཆེན་གྱི་རྫོང་དང་ཆུས(སྲིད་ཨུ)45རུ་བསྐྱོད་དེ་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་རྨང་གཞིའི་སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན། ཞིང་གསུམ་ལས་དོན། གཞི་རིམ་གྱི་གཞོན་ནུའི་ལས་དོན། གཞི་རིམ་གྱི་སྤྱི་ཚོགས་དོ་དམ་སོགས་ལ་དང་བླངས་ཞབས་ཞུ་སྤེལ་རྒྱུ་རེད། ཞབས་ཞུའི་དུས་ཡུན་ལོ་1ནས་3བར་ཡིན། 

བྱེད་སྒོའི་ནང་། གཙོ་གཉེར་ཕྱོགས་ཀྱིས་ནུབ་རྒྱུད་འཆར་གཞི་དང་ཞིབ་འཇུག་སློབ་མའི་སློབ་སྐྱོར་ཚོགས་པ། མཚོ་སྔོན་ལྷོ་རྒྱུད་ཀྱི་འཆར་གཞི། གཞི་རིམ་གཞོན་ནུའི་ཆེད་དོན་དང་བླངས་ཞབས་ཞུ་རུ་ཁག་བཅས་ལ་དར་ཆ་སྤྲད་པ་རེད། དུས་ཚད་ལོན་པའི་དང་བླངས་པ་དང་གསར་དུ་ལས་གནས་སླེབས་པའི་དང་བླངས་པའི་འཐུས་མིས་གཏམ་བཤད་སྤེལ་ཞིང་། དང་བླངས་པ་ཡོངས་ཀྱིས་དང་བླངས་པའི་དར་ཆར་གདོང་གཏད་དེ་“དང་བླངས་ཞབས་ཞུའི་རིག་གནས་བརྒྱུད་སྤེལ་དང་མཚོ་སྔོན་གསར་པའི་སྙིང་སྟོབས་ལག་བསྟར་བྱས་ཏེ་མཐུན་སྒྲིལ་རོགས་རེས་དང་འདྲ་མཉམ་མཛའ་མཐུན། མཉམ་དུ་མདུན་སྐྱོད་བཅས་ཀྱི་མཛེས་སྡུག་ལྡན་པའི་སྤྱི་ཚོགས་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི”དམ་བཅའ་བཞག

གུང་གཞོན་ཚོགས་པའི་ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་ཤེས་དཔལ་གཞུང་དོན་ཁང་། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་སོགས་འབྲེལ་ཡོད་སྡེ་ཚན་བྱེད་སྒོར་ཞུགས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།