མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སིའི་མེ་འཁོར་གྱི་ཉལ་ཁྲིའི་སྤ་སེ་དངོས་སུ་ཕྱིར་འཚོང་བྱེད་མཚམས་བཞག་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས9ཉིན་གྱི་མཚན་མོའི་ཆུ་ཚོད12པ་ནས་བཟུང་། མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སིས་ལམ་ཐིག་ཧྲིལ་པོར་གློག་རྡུལ་སྤ་སེ་ཁྱབ་གདལ་དང་བེད་སྤྱོད་བཏང་བ་དང་། གློག་རྡུལ་སྤ་སེ་ཁྱོན་ཡོངས་ནས་སྤྱོད་འགོ་ཚུགས་རྗེས། དངོས་མིང་ལམ་ལུགས་ཀྱི་ཞིབ་བཤེར་དང་སྤ་སེ་ཞིབ་བཤེར་བྱེད་པ་ལག་བསྟར་བྱས་ཏེ། སྤ་སེ་ཞིབ་བཤེར་བྱེད་པར་སྟབས་བདེ་བཟོས་ཡོད་པས། སྒོ་འཛིན་གྱི་ཆ་སྙོམས་མྱུར་ཚད་མི་རེར་སྐར་ཆ་3.8ནས་སྐར་ཆ་1.3བར་ཇེ་ཐུང་དུ་ཕྱིན་ཡོད་ལ། མེ་འཁོར་སྤ་སེ་བོར་བརླག་དང་སྤ་སེ་རྫུན་མ་ཉོ་བ་སོགས་ཀྱི་ཉེན་ཁ་སྔོན་འགོག་བྱས་ཡོད། 

    གློག་རྡུལ་སྤ་སེ་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་བསྟུན། མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སི་ཟི་ལིང་འགྲུལ་སྐྱེལ་ས་ཚིགས་ཀྱིས་དུས་ཡུན་མང་པོར་ཉལ་ཁྲིའི་སྤ་སེ་ཉོ་ཚོང་བྱས་པ་དང་། ད་ལྟ་དངོས་སུ་ཉལ་ཁྲིའི་སྤ་སེ་ཕྱིར་འཚོང་བྱེད་མཚམས་བཞག་ལ། སྔོན་ཆད་ཉལ་འཁོར་ལ་བསྡད་ན་ངེས་པར་དུ་ཉལ་སའི་པ་སེ་རྟགས་ཅན་ཞིག་བརྗེ་དགོས་པའི་ལོ་རྒྱུས་མཇུག་རྫོགས་པ་རེད། འགྲུལ་པས་ད་ནས་བཟུང་མེ་འཁོར་ལ་འདུག་པ་དང་མེ་འཁོར་ལས་མར་འབབ་སྐབས་སྤ་སེ་བརྗེ་མི་དགོས་པ་དང་སྤ་སེ་འཁྱེར་ནོར་བྱུང་བའི་གནས་ཚུལ་ཡང་འབྱུང་མི་སྲིད་པ་རེད། 

    མཁྲེགས་ཆས་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་བ་དང་བསྟུན། འགྲུལ་སྐྱེལ་མེ་འཁོར་གྱི་ལས་སྒྲུབ་མི་སྣའི་ལས་ཀའི་ཁོར་ཡུག་སྔར་བས་ཇེ་ལེགས་སུ་ཕྱིན་པ་དང་ལས་སྒྲུབ་ཀྱི་བརྒྱུད་རིམ་ཡང་ཇེ་ཉུང་དུ་སོང་ཡོད་པས། ལས་ཀ་ཇེ་ཡང་དུ་སོང་བ་མ་ཟད། ལས་ཀའི་ཕན་ནུས་དང་ཞབས་ཞུའི་ཆུ་ཚད་ཇེ་མཐོར་སོང་ཡོད།  །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།