ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གྲོས་གཞིའི་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་ཆེད། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས《སྲིད་གྲོས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་གཞི་དང་གྲོས་གཞི་སྒྲུབ་པའི“ཕྱོགས་གཉིས་དཔྱད་གླེང”གི་བྱེད་ཐབས(ཚོད་ལྟའི་ལག་བསྟར)》 (གཤམ་དུ《བྱེད་ཐབས》ཞེས་བསྡུ་རྒྱུ)ཞིབ་འཇུག་གཏན་འབེབས་བྱས་པ་རེད། 《བྱེད་ཐབས》དེ་སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་སོ་བདུན་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་འབྲེལ་ཉེ་ཆར་འགྲེམས་སྤེལ་དང་ལག་བསྟར་བྱས་པ་རེད།
གྲོས་གཞི་དང་གྲོས་གཞི་སྒྲུབ་པའི་ཕྱོགས་གཉིས་དཔྱད་གླེང་ཞེས་པ་ནི་གྲོས་གཞི་འདོན་མཁན་གྱིས་གྲོས་གཞི་སྒྲུབ་པའི་ལས་ཁུངས་ཀྱི་གྲོས་གཞི་སྒྲུབ་པའི་སྤུས་ཚད་ལ་དཔྱད་གླེང་བྱེད་པ་དང་། སྒྲུབ་པའི་འགན་འཁུར་བའི་ལས་ཁུངས་ཀྱིས་སྲིད་གྲོས་ཀྱི་གྲོས་གཞིའི་སྤུས་ཚད་ལ་དཔྱད་གླེང་བྱས་པ་ལ་ཟེར། 2019ལོའི་ཟླ7པར། ཞིང་ཆེན་སྲིད་གྲོས་ཀྱི་གྲོས་གཞི་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་བྱས་ནས“ཕྱོགས་གཉིས་དཔྱད་གླེང”ཐེངས་དང་པོར་སྤེལ་བས་ཕན་འབྲས་བཟང་པོ་ཐོབ་ཡོད།
《བྱེད་ཐབས》ནང་དཔྱད་གླེང་གི་གོ་དོན་དང་། རྩ་དོན། དཔྱད་གླེང་གི་ནང་དོན། དཔྱད་གླེང་གི་བྱེད་ཐབས་དང་གོ་རིམ། སྒྲིག་འཛུགས་འགོ་ཁྲིད་དང་དཔྱད་གླེང་མཇུག་འབྲས་བཅས་ཕྱོགས་བཞིའི་ཐད་ནས་ཁ་གསལ་བཟོས་ཡོད། དཔྱད་གླེང་གི་ནང་དོན་གཙོ་བོར་ཁག2ཡོད་པ་དང་། དེ་ནི་གྲོས་གཞིའི་སྤུས་ཚད་དང་གྲོས་གཞི་སྒྲུབ་པའི་སྤུས་ཚད་གཉིས་ཡིན། དེའི་ཁྲོད་ཀྱི་གྲོས་གཞིའི་སྤུས་ཚད་ཀྱི་དཔྱད་གླེང་ནང་དོན་ནི་གྲོས་གཞིའི་ཚན་རིག་རང་བཞིན་དང་། གཟབ་ནན་རང་བཞིན། ལག་བསྟར་བྱེད་འཐུས་རང་བཞིན། ཚད་ལྡན་རང་བཞིན། བློ་ཡིད་ཚིམ་ཚད་བཅས་ཡིན་པ་དང་། གྲོས་གཞི་སྒྲུབ་པའི་སྤུས་ཚད་ཀྱི་དཔྱད་གླེང་བྱེད་པའི་ནང་དོན་ནི་རྩ་འཛུགས་ཀྱི་འགོ་ཁྲིད་དང་། ལམ་ལུགས་འཛུགས་སྐྱོང་། སྒྲུབ་པའི་གོ་རིམ། སྒྲུབ་པའི་ཕན་འབྲས་དང་བློ་ཡིད་ཚིམ་ཚད་སོགས་ཡིན། གྲོས་གཞིའི་སྤུས་ཚད་དང་གྲོས་གཞི་སྒྲུབ་པའི་སྤུས་ཚད་ཀྱི་བློ་ཡིད་ཚིམ་ཚད་ལ་ཆ་སྙོམས་ཀྱིས་ཕུལ་བྱུང་དང་། བཟང་པོ། སྤྱིར་བཏང་། ཅུང་ཞན་པ་བཅས་རིམ་པ་བཞིར་དབྱེ་ཡོད།
《བྱ་ཐབས》ཀྱི་ནང“ཕྱོགས་གཉིས་དཔྱད་གླེང་བྱེད་པ”དེས་ཕྱོགས་ཡོངས་ནས་དཔྱད་གླེང་དང་། ལུགས་མཐུན་གཞུང་དྲང་། ཕན་འབྲས་དངོས་ལ་སྣང་ཆེན་བཅས་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱེད་དགོས་ཤིང་། “ཕྱོགས་གཉིས་དཔྱད་གླེང”ལས་དོན་དེ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞིའི་གྲོས་ཚོགས་ཀྱི་འགོ་ཁྲིད་འོག་སྤེལ་བ་རེད། ལས་ཀའི་དགོས་མཁོར་གཞིགས་ནས་གྲོས་གཞི་འདོན་མཁན་དང་། དམངས་གཙོའི་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཞིང་ཆེན་སྲིད་གྲོས་ཀྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བ། འབྲེལ་ཡོད་ཀྱི་ཆེད་མཁས་པ། མང་ཚོགས་ཀྱི་འཐུས་མི། གསར་འགྱུར་སྨྱན་སྦྱོར་བཅས་གདན་དྲངས་ནས་དཔྱད་གླེང་བྱེད་དུ་བཅུག་པ་རེད། གྲོས་གཞི་སྒྲུབ་པའི་སྤུས་ཚད་ཀྱི་དཔྱད་གླེང་དེ་ཞིང་ཆེན་སྲིད་གྲོས་ཀྱི་སྐད་འཕྲིན་སྤྱི་རྟགས་དང་ཞིང་ཆེན་སྲིད་གྲོས་ཀྱི་གཙོ་ཆེའི་དྲ་ཚིགས་སུ་བརྡ་ཁྱབ་བཏང་། གྲོས་གཞིའི་སྤུས་ཚད་ཀྱི་དཔྱད་གླེང་དེ་ཨུ་ཡོན་ནང་ཁུལ་དུ་བརྡ་ཁྱབ་བཏང་བ་རེད། “ཕྱོགས་གཉིས་དཔྱད་གླེང”གི་མཇུག་འབྲས་དེ་ཕུལ་བྱུང་གྲོས་གཞི་དང་སྔོན་ཐོན་གྲོས་གཞི་སྒྲུབ་པའི་ལས་ཁུངས་ཀྱིས་དཔྱད་འདེམས་བྱེད་པའི་གཞི་འཛིན་ས་གལ་ཆེན་དུ་བརྩིས་ཡོད་ཅེས་ནན་གྱིས་བསྟན། །
རྩོམ་སྒྲིག་པ། བདེ་ལེགས་མཚོ།
མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས《གྲོས་གཞི་དང་གྲོས་གཞི་སྒྲུབ་པའི “ཕྱོགས་གཉིས་དཔྱད་གླེང”གི་བྱེད་ཐབས(ཚོད་ལྟའི་ངང་ལག་བསྟར)》བྱས་པ།