ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་རྒྱས་འཛོམས་གྲོས་ཚོགས་ཐེངས་ཞེ་གསུམ་པ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་སུམ་ཅུ་ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་རྒྱས་འཛོམས་གྲོས་ཚོགས་ཐེངས་ཞེ་གསུམ་པ་བསྡུས་ཏེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས་པར་མ་ཟད་ལག་བསྟར་རེ་བ་བཏོན། ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་མ་ཝེ་དང་ཀའོ་ཧྭ། ཏང་ཙུའུ་ཁོངས་མི། ཀྲུའུ་རིན་གཞོན་པ་ཝུའུ་ཧེ་ཁུན་དང་དྲུང་ཡིག་ཆེན་མོ་ཅ་དབྱིན་ཀྲུང་བཅས་གྲོས་ཚོགས་ལ་ཞུགས། ཀྲུའུ་རིན་གཞོན་པ་ལིའུ་ཐུན་ཏི་ཟུར་ཞུགས་བྱས།

ཚོགས་ཐོག་ནས་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་ནི་རང་ཞིང་གིས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་བརྒྱ་ལོ་གཅིག་གི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་གནད་འགག་དུས་སྐབས། རིམས་ནད་འགོག་སྲུང་དེ་རྒྱུན་རྣམ་ཅན་སོང་བའི་དམིགས་བསལ་རྒྱབ་ལྗོངས་འོག་ཏུ་བསྡུས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་ཆབ་སྲིད་ལངས་གནས་མཐོ་ཞིང་དོན་དངོས་དང་ཟུང་འབྲེལ་བྱས་པ་དམ་པ་དང་། བསམ་ཕྱོགས་འདུ་ཤེས་གསར་བ་ཡིན་ལ། བྱེད་ཐབས་དང་རེ་བ་དོན་དངོས་དང་མཐུན་པ་ཡིན། གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་བསམ་འཆར་ནི་རང་ཞིང་གིས་རྒྱལ་ཁབ་ཀྱི་ཐབས་ཇུས་དངོས་འབེབས་བྱེད་པའི་ཆབ་སྲིད་བསྒྲགས་གཏམ་དང་འགུལ་སྐྱོད་རྩ་འཛིན་ཡིན།

ཚོགས་ཐོག་ནས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དམངས་ཆེན་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཏེ། ཁྲིམས་སྐྱོང་བསམ་ཕྱོགས་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། དམངས་ཆེན་བྱ་བས་ཞིང་ཆེན་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་དུ་གཅིག་གྱུར་སྒོས་འཆར་འགོད་བྱེད་དགོས་ལ། ཁྲིམས་འཛུགས་དང་ལྟ་སྐུལ། ཆོད་དོན། བསྐོ་འཐེན། འཐུས་མི་སོགས་ཀྱི་བྱ་བ་སྣ་ཚོགས་ལག་བསྟར་ནན་མོ་བྱས་ནས། དུས་རབས་གསར་བའི་མཚོ་སྔོན་ས་གནས་བཅོས་སྐྱོང་ཐད་རྣམ་པ་གསར་བ་གསར་སྐྲུན་བྱེད་པར་དམངས་ཆེན་གྱིས་བྱས་རྗེས་གསར་བ་འཇོག་དགོས་ཟེར།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།