མཚོ་སྔོན་གྱི་བརྙན་ཐུང་གི་རྡེབ་ཚད་བྱེ་བ་ལས་བརྒལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ་7པའི་ཚེས30ཉིན་མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་གཙོ་སྒྲུབ་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་ཞེས་པའི་དྲ་རྒྱའི་ཕུལ་བྱུང་ལེ་ཚན་བསྡུ་སྒྲིག་བྱེད་པའི་བྱ་འགུལ་འགོ་བརྩམས་པའི་རིང་ལ། དྲ་རྒྱའི་བརྙན་ཐུང་ཞབས་ཞུའི་ལས་ཁུངས་སོ་སོས་བརྩམས་ཆོས་བསྐུར་ཡོང་བ་དང་། ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་ཆེད་མཁས་ཨུ་ཡོན་ལྷན་ཁང་རྩ་འཛུགས་བྱས་ཏེ་དཔྱད་ཞིབ་བྱས་པ་མ་ཟད། ཕུལ་བྱུང་བརྩམས་ཆོས་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་རུ་བསྐུར་ནས་འགྲེམ་གཏོང་བྱེད་དུ་བཅུག  དེའི་ཁྲོད། མཚོ་སྔོན་ཡུན་ཁྲིན་རིག་གནས་དྲིལ་སྒྲོག་ཚད་ཡོད་ཀུང་སིས་སྒྲིག་སྦྱོར་བྱས་པའི་དྲ་རྒྱའི་དངོས་བཤུས་གློག་བརྙན《ཀྲུང་ཧྭའི་ཆུ་མཛོད》དང་མཚོ་སྔོན་ཞན་མའེ་རིག་གནས་དྲིལ་སྒྲོག་ཚད་ཡོད་ཀུང་སིས་སྒྲིག་སྦྱོར་བྱས་པའི་དྲ་རྒྱའི་དངོས་བཤུས་གློག་བརྙན《གནའ་བོའི་མྱ་ངན་ཐང་གི་ས་ཚིགས་དེ་ད་ལྟའི་ལྗང་མདོག་གི་གྲོང་གསར་དུ་གྱུར་བ》ཞེས་པ་གཉིས་མགྱོགས་འཕྲིན་དང་། འཁྱུག་དབྱངས་སོགས་དྲ་རྒྱའི་བརྙན་ཐུང་སྟེགས་བུ་17ནས་བཏང་། བརྩམས་ཆོས་བསྒྲགས་གཏོང་བྱས་པར་དྲ་གྲོགས་ཚོས་དོ་སྣང་ཆེན་པོ་བྱས་ཤིང་། ཉིན་རེའི་རྡེབ་ཚད་བྱེ་བ་ལས་བརྒལ་བ་དང་། གཟའ་འཁོར་རེའི་རྡེབ་ཚད་ཁྲི5000ཡན་ལ་སླེབས། 

《ཀྲུང་ཧྭའི་ཆུ་མཛོད》ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ཞིབ་བརྗོད་བྱས་པའི་དངོས་བཤུས་གློག་བརྙན་ཞིག་ཡིན་ཞིང་། དུས་ཡུན་ལོ་7སྤྱད་དེ་བརྙན་ཕབ་བྱས་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཆུ་ཁུངས་གཙོ་བོ་དང་འབབ་རྒྱུད་དུ་སོང་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་མཛེས་ལྗོངས་དང་དེའི་སྐྱེ་ཁམས་སྒུལ་ཤུགས་མངོན་པ་དང་། མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་དེ་སྐྱེ་ཁམས་དང་། ཆེས་ཆེ་བའི་འགན་འཁྲི་དེ་སྐྱེ་ཁམས། སྒུལ་ཤུགས་ཆེ་གྲས་དེ་ཡང་སྐྱེ་ཁམས་སུ་ཡོད་པའི་དོན་སྙིང་ཞིབ་བརྗོད་བྱས་ཡོད། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།