ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས་29ཉིན་ནས་ཚེས་30ཉིན་བར། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་ཟི་ལིང་དུ་འཚོགས། ཚང་འཛོམ་ས་གྲོས་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བྱེད་པ་དང་། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཤིང་། 《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུས་ཏང་གི་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་གྱིས་ས་གནས་བཅོས་སྐྱོང་སྒྲིག་སྲོལ་གསར་གཏོད་དང་བཅོས་སྐྱོང་ནུས་ཤུགས་འཛུགས་སྐྲུན་བྱེད་པའི་བསམ་འཆར》ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་། 

ཚང་འཛོམས་གྲོས་ཚོགས་ལ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཚབ་བྱས་ཏེ་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཝང་ཞའོ། མགོན་པོ་བཀྲ་ཤིས། ཐིན་ཅ་ཚའེ། ལིའི་ཅའེ་ཞང་། ཝང་ཡུས་ཡན། ཡུས་ཚུང་ལི། མཱ་ཅི་ཞའོ། ཡན་པའེ་བཅས་གྲོས་ཚོགས་སུ་ཞུགས། 

ཚང་འཛོམས་གྲོས་ཚོགས་ཀྱིས་བསྟན་དོན། ས་གནས་བཅོས་སྐྱོང་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་ཤུགས་ཀྱི་ས་གནས་རིམ་པའི་ལག་ལེན་དང་མངོན་མཚོན་ཞིག་ཡིན་ཞིང་། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་ས་གནས་བཅོས་སྐྱོང་བྱེད་དགོས། མཚོ་སྔོན་གྱིས་རྒྱལ་ཁབ་བཅོས་སྐྱོང་གི་སྤྱི་ཁྱོན་ཁྲོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་སུ་བསྟན་པའི“སྒོས་སུ་གཅིག་དང་། ་འབྲེལ་བ་གཉིས”ཀྱི་འཐབ་ཇུས་གོ་གནས་ལྡན་པ་ཡིན། བཅོས་སྐྱོང་སྒྲིག་སྲོལ་གསར་གཏོད་ལ་སྐུལ་འདེད་དང་། ས་གནས་བཅོས་སྐྱོང་གི་ནུས་ཤུགས་མཐོ་རུ་གཏོང་བར། ཆབ་སྲིད་ཀྱི་དར་ཆ་གསལ་བོ་དང་། འདུ་ཤེས་བཞི་མཐོར་འདེགས་དང་། ཡིད་ཆེས་བཞི་སྲ་བརྟན་དུ་བཏང་ནས། སྲུང་སྐྱོང་གཉིས་སྒྲུབ་པར་བྱེད་པ་དེ་ས་གནས་བཅོས་སྐྱོང་གི་གཙོ་གནད་དུ་བཟུང་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་དང་། སློབ་སྦྱོང་ཁྲོད་བཅོས་སྐྱོང་གི་ཁ་ཕྱོགས་དང་། བཅོས་སྐྱོང་གི་བསམ་ཕྱོགས། དེ་མིན་བཅོས་སྐྱོང་གི་བྱེད་ཐབས་བཙལ་ནས། མུ་མཐུད་དུ་བསམ་བློ་དང་ཆབ་སྲིད་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོན་པོའི་གཅིག་གྱུར་ཡོང་བར་བྱེད་དགོས། མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། དམངས་ཀྱི་འདོད་བློར་བརྩི་མཐོང་དང་། དམངས་ཀྱི་བློ་གྲོས་གཅིག་ཏུ་བསྡུས་ཏེ། དམངས་ཚིས་ལེགས་བཅོས་བྱེད་པ་དེ་མཚོ་སྔོན་གྱི་ས་གནས་བཅོས་སྐྱོང་གི་བྱ་བའི་ཁྲོད་བཞག་ནས། རིགས་སོ་སོའི་མང་ཚོགས་དེ་བཅོས་སྐྱོང་བྱ་བའི་ཁྲོད་ཀྱི་ཁེ་ཕན་རེག་མཁན་དང་བརྡར་ཤ་གཅོད་མཁན་དུ་འགྱུར་བར་འབད་བརྩོན་བྱེད་དགོས། མཐའ་གཅིག་ཏུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་དང་། སེམས་ཤུགས་ཡོད་ཚད་དོ་མཉམ་མིན་པའི་གནད་དོན་ཐག་གཅོད་སྟེང་འཁོར་བ་དང་། གསར་གཏོད་འཐུས་ཚང་དང་མཐུན་འགྲིག་ལ་དོ་སྣང་བྱེད་པ། བཙོག་མེད་སྣེ་ཁྲིད་དང་སྒོ་འབྱེད། མཉམ་སྤྱོད་ཀྱི་སྒྲིག་སྲོལ་རྒྱུན་འཁྱོངས་བྱེད་དགོས། རྒྱལ་ཁབ་ཀྱི་བཅོས་སྐྱོང་སྤྱིའི་བཀོད་སྒྲིག་དང་མཚོ་སྔོན་གྱི་ས་གནས་བཅོས་སྐྱོང་གཉིས་ཟུང་འབྲེལ་སྒོས། མཚོ་སྔོན་གྱི་དམིགས་བསལ་གནས་ཚུལ་ལ་རྐང་བཙུགས་ཏེ། རྒྱལ་ཁབ་བཅོས་སྐྱོང་དང་ས་གནས་བཅོས་སྐྱོང་གི་ཟུང་འབྲེལ་བྱེད་གནས་བཙལ་ཏེ། ས་གནས་བཅོས་སྐྱོང་གི་ལག་ལེན་ཁྲོད་རྒྱལ་ཁབ་བཅོས་སྐྱོང་ལ་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས་ཞེས་བསྟན། 

ཚང་འཛོམས་གྲོས་ཚོགས་ཀྱིས་ནན་གྱི་བསྟན་དོན། ས་གནས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བར། ངེས་པར་དུ་འགལ་བ་གཙོ་བོ་དམ་འཛིན་དང་། གཙོ་གནད་ལས་འགན་གསལ་བོ་བྱས་ནས་གྲོང་ཁྱེར་དང་། ཞིང་སྡེ། འབྲོག་ཁུལ་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་བཅོས་སྐྱོང་གི་གཙོ་གནད་དེ་ཞིབ་ཚགས་སུ་ཡོད་ཅིང་། འཆར་འགོད་ཞིབ་ཚགས་དང་འཛུགས་སྐྲུན་ཞིབ་ཚགས། ཞབས་ཞུ་དང་དོ་དམ་ཞིབ་ཚགས་སུ་བྱས་ཏེ། བློ་ཞིབ་མོས་གྲོང་ཁྱེར་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས། དྲང་བདེན་དང་སྟབས་བདེ་ཅན་དུ་བཏང་སྟེ། གྲོང་ཁྱེར་སྔར་ལས་སྐྱིད་པོ་ཡོང་བར་བྱེད་དགོས། ཞིང་སྡེ་བཅོས་སྐྱོང་གི་གནད་དེ་ལེགས་པོ་ཡོང་བར་ཐུག་ཡོད། ཞིང་སྡེ་ཞིང་ལས་དང་ཞིང་བ་དེང་རབས་ཅན་གྱི་དམིགས་འབེན་དང་དམ་དུ་འབྲེལ་བ་དང་། ཞིང་སྡེ་དར་རྒྱས་སུ་བཏང་སྟེ། ཞིང་སྡེའི་སྐྱེ་ཁམས་ཁོར་ཡུག་མཛེས་སྡུག་ཅན་དུ་བསྒྱུར་བ་དང་། ངལ་རྩོལ་དང་ཐོན་སྐྱེད། འཚོ་བ་མཛེས་སྡུག་ཅན་དང་། མི་ཆོས་དང་འཆམ་མཐུན། ཁྱིམ་ཚང་བདེ་སྐྱིད་ཡོང་བ། རྩ་འཛུགས་དང་ཏང་ཡོན། རྣམ་པ་གསར་བའི་ཞིང་བ་མཛེས་སྡུག་ཅན་དུ་འགྱུར་བར་བྱེད་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།