ཡུལ་ཤུལ་གྲོང་ཁྱེར་གྱིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་བརྟེན་ནས་འབྱོར་འབྲིང་ལ་བསྐྱོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས10ཉིན། གསར་འགོད་པས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་ཏང་ཨུ་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ད་ལོ་ཡུལ་ཤུལ་གྲོང་ཁྱེར་གྱིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་སྟོབས་ཆེར་གཏོང་རྒྱུ་དེ་འབྱོར་འབྲིང་དུ་སྐྱོད་པའི“ལས་གཞི་དང་པོར”བརྩིས་ནས“ཁྲིད་སྟོན་གཅིག་དང་སྣེ་ཁྲིད་གསུམ”གྱི་ལས་དོན་སྤེལ་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ཏེ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐབས་ལམ་རྒྱ་ཆེར་བཏང་བ་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་དཔེ་མཚོན་བཏོད་དེ་དམངས་འཚོའི་ཞབས་ཞུའི་རྨང་གཞི་སྲ་བརྟན་དུ་བཏང་། 

ཡུལ་ཤུལ་གྲོང་ཁྱེར་གྱིས་སྣ་མང་ཅན་གྱི་མཉམ་སྡེབ་དཔལ་འབྱོར་དངོས་ཚན་འཕེལ་རྒྱས་གཏོང་རྒྱུར་ཁྲིད་སྟོན་བྱས་པ་བརྒྱུད། གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱིས་ཧུར་ཐག་གིས་ཞིང་འབྲོག་ལས་ཀྱི་ཆེད་ལས་མཉམ་ལས་ཁང་གཉེར་རྒྱུར་སྐུལ་མ་བཏང་ཞིང་། “ཀྲི་པུའུ+མཉམ་སྡེབ་དཔལ་འབྱོར+ཞིང་འབྲོག་དུད་ཚང”གི་རྣམ་པའི་ཐོག་ནས་རྒྱུན་མཐུད་དང་སྣ་མང་ཅན་གྱི་མཉམ་སྡེབ་དཔལ་འབྱོར་རྣམ་གྲངས་འཕེལ་རྒྱས་ཤུགས་ཆེན་བཏང་། མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཙོ་གནད་དེ“མེད་པ་གཏོར་བ”ནས“སྟོབས་ཆེར་གཏོང་བའི”འགྱུར་ལྡོག་བྱུང་བ་དང་། ཡུལ་ཤུལ་གྲོང་ཁྱེར་དུ་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་དཔེ་མཚོན་5བཏོད་ནས་ཞིང་འབྲོག་ཁུལ་གྱི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་བཏང་ཡོད། ཛ

གཞན་ཡང་། ཡུལ་ཤུལ་གྲོང་ཁྱེར་གྱིས་ད་དུང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་མེད་པ་གཏོར་བའི་བཟོ་འགོད་དང་ས་གནས་དེ་གའི་གྲོང་ཚོའི་གནས་ཚུལ་དངོས་ཟུང་འབྲེལ་བྱས་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཁྱད་ལྡན་ཐོན་ལས་རྣམ་གྲངས་ལག་ལེན་བསྟར་ཏེ་གྲོང་ཚོ་ཁག་གི་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱས་པ་རེད། ཞིང་འབྲོག་ཁུལ་གྱི་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཞིང་པ་མང་ཚོགས་ཀྱིས་མ་རྐང་ལམ་ལུགས་དང་མ་རྐང་མཉམ་ལས་ལམ་ལུགས་སོགས་ཀྱི་རྣམ་པས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གོང་འཕེལ་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་སྐུལ་འདེད་བཏང་ཡོད། དེ་དང་ཆབས་ཅིག་ད་དུང་ཞིང་འབྲོག་མང་ཚོགས་ལ་ཕྱུག་འགྱུར་གྱི་ཉམས་མྱོང་ཁྲིད་དེ་ཕྱུག་འགྱུར་གྱི་ཆ་འཕྲིན་དང་ལག་རྩལ། མ་དངུལ་སོགས་ཐད་ཀྱི་ཞབས་ཞུ་མཁོ་འདོན་བྱས་ནས་རོགས་སྐྱོར་ཐོན་ཁུངས་འདང་ཞིང་ལེགས་པར་སྤྱད་དེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་དང་ཁེ་ཐོབ་ཀྱི་ནུས་པ་ཆེ་རུ་བཏང་ནས་དུད་ཚང་དབུལ་པོ་དང་མི་འབོར་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།