མཚོ་སྔོན་ཞིང་ཆེན་གྱི“ཉིན་བརྒྱའི་དྲ་རྒྱའི་ལས་འཚོལ་གྱི་ཆེད་དོན་བྱ་འགུལ”བདེ་ལེགས་ངང་མཇུག་བསྒྲིལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་རྩ་འཛུགས་བྱས་ནས་སྤེལ་བའི“ཉིན་བརྒྱའི་དྲ་རྒྱའི་ལས་འཚོལ་གྱི་ཆེད་དོན་བྱ་འགུལ”བདེ་ལེགས་ངང་མཇུག་བསྒྲིལ་བ་རེད།  ཆེད་དོན་བྱ་འགུལ་སྐབས་སུ་ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་སྤྱི་པའི་ལས་ཞུགས་ཞབས་ཞུའི་རིམ་རྩིས་བྱས་ན་ལས་ཁུངས2725ཡིས་ལས་ཞུགས་ལས་གནས་ཁྲི5.15ཁྱབ་བསྒྲགས་བྱས་པ་དང་།  རིགས་སོ་སོའི་ལས་འཚོལ་མཁན་ཁྲི23ཙམ་གྱིས་དྲ་ཐོག་ལས་སྟེགས་བརྒྱུད་ལས་གནས་ཆ་འཕྲིན་འདྲི་གཅོད་བྱས་པ་རེད།

 དྲ་ཐོག་གི་ལས་འཚོལ་ཐབས་ལམ་བཏོད་དེ་ལས་ཞུགས་ཞབས་ཞུ“སྣ་མང་ཅན”ལ་སྐུལ་འདེད་བཏང་།  འཕྲིན་སྦྲེལ་དྲ་བའི་བཟང་ཆ་བེད་སྤྱོད་གང་ལེགས་བྱས་ཏེ།   “མཚོ་སྔོན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་དྲ་བའི་ལས་སྒྲུབ་ཚོམས་ཆེན”དང“མཚོ་སྔོན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིAPP”དྲ་ཐོག་ཞབས་ཞུའི་ལས་སྟེགས་ཀྱི་ནུས་པ་མུ་མཐུད་དུ་ཇེ་ལེགས་སུ་བཏང་ནས།  ལས་ཞུགས་དང་ལས་ཤོར་གྱི་ཐོ་འགོད་དང་།   ལས་ཞུགས་གསར་གཏོད་ཀྱི་ལག་ཁྱེར་རེ་ཞུ་སོགས་སྤྱི་པའི་ལས་ཞུགས་གསར་གཏོད་ཀྱི་ཞབས་ཞུའི་རྣམ་གྲངས13གྱིས་དྲ་ཐོག་གི་ལས་དོན་ཡག་པོ་བསྒྲུབས་པ་རེད།  “མཚོ་སྔོན་ཤེས་ལྡན་མི་སྣའི་ཚོང་རའི་དྲ་བ”དང་།  སྐད་འཕྲིན་གྱི་ལས་འཚོལ་ཚོགས་པ།  QQལས་འཚོལ་ཚོགས་པ་སོགས་ཀྱི་ལས་སྟེགས་བརྒྱུད།  ལས་ཞུགས་བརྟན་པོ་ཡོང་བའི་སྲིད་ཇུས་དང་བྱེད་ཐབས།  ལས་ཞུགས་ལས་གནས་ཀྱི་ཆ་འཕྲིན་དུས་ཐོག་ཏུ་སྤྱི་ཚོགས་ལ་ཁྱབ་བསྒྲགས་དང་། མི་སྤྱོད་ལས་ཁུངས་དང་ལས་ཀ་འཚོལ་མཁན་ལ་གོ་རིམ་ལྡན་པའི་ངང་ལས་འཚོལ་བྱེད་སྒོ་སྤེལ་བར་སྣེ་ཁྲིད་བྱས།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།