མཚོ་སྔོན་ཞིང་ལས་འགན་ལེན་སྟོང་སྐོར་ཡན་ལག་ཀུང་སིས་ལས་གཉེར་འགན་སྲུང་ཐད་སྒོར་དུང་ཕྱུར་5ལས་བརྒལ་བ།

   ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ལས་འགན་ལེན་སྟོང་སྐོར་ཡན་ལག་ཀུང་སིས་སྲིད་ཇུས་རང་བཞིན་གྱི་འགན་ནུས་ལག་བསྟར་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་འོས་འཚམས་ཀྱི་ཞིང་ཕྱུགས་ལས་གཞི་ཁྱོན་ཚོང་གཉེར་བདེ་ཐང་ངང་ཚོང་གཉེར་བྱེད་པར་རྒྱབ་སྐྱོར་བྱས་པ་དང་། ལས་གཉེར་སྣ་སོ་སོའི་གཞི་གྲངས་མུ་མཐུད་དུ་ཡར་འཕར། ཟླ7པའི་ཟླ་དཀྱིལ་བར་དུ་སྟོང་སྐོར་ཡན་ལག་ཀུང་སིའི་འགན་ལེན་ལྷག་དངུལ་སྒོར་དུང་ཕྱུར་5ལས་བརྒལ་བ་དང་། འགན་ལེན་ལས་གཞི་ཁྱིམ་ཚང1360ཡོད་ཅིང། ལོ་འགོ་དང་བསྡུར་ན་འགན་ལེན་བསྐྱི་བུན་ལྷག་དངུལ་སྒོར་དུང་ཕྱུར་8.6ལ་སླེབས་པ་དང་། འགན་ལེན་དུད་ཁྱིམ2518ལ་སླེབས་ཡོད། 

ད་ལྟའི་བར་དུ། ཡན་ལག་ཀུང་སིའི་ཆ་སྙོམས་འགན་ལེན་མ་དངུལ་སྒོར་ཁྲི36.79ཡིན་པ་དང་། དེས་ཞིང་ལས་འགན་ལེན་གྱི་སྲིད་ཇུས་རང་བཞིན་གྱི་བྱེད་ནུས་འདོན་སྤེལ་བྱས། སྟོབས་ཤུགས་ཡོད་རྒུས་ཞིང་ལས་འགན་ལེན་ཡིད་རྟོན་ལས་གཉེར་ཁྱབ་གདལ་དང་། རྨང་གཉིས་མཉམ་འབྲེལ་དང་ཞིང་ལས་འགན་ལེན། དབང་གཉིས་གཏའ་འཇོག་དང་འགན་ལེན་ཞབས་ཞུའི་རྣམ་པ་སོགས་བཏོད་ནས། ཚོགས་པ་མི་འདྲ་བའི་མ་དངུལ་གྱི་དགོས་མཁོ་བསྐངས། དངུལ་བུན་མ་བཏང་བའི་སྔོན་གྱི་རྟོག་ཞིབ་དང་། ཞིབ་བཤེར་དང་ཞིབ་བཤེར་ཆོག་མཆན། བུན་བཏང་རྗེས་ཀྱི་དོ་དམ་གྱི་གོ་རིམ་དང་ཚོད་འཛིན། ཉེན་ཁ་ཚོད་འཛིན་དང་ཕན་ནུས་མཐོ་རུ་བཏང་སྟེ། ཞིང་ལས་ལ་ཞབས་ཞུ་བསྒྲུབས།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།