སྐོར་དང་པོའི་ཀྲུང་གོའི་ས་གཤིས་རྟགས་མཚན100ལ་ཡོ་རོབ་མནའ་འབྲེལ་གྱིས་སྲུང་སྐྱོབ་ཐོབ་པ་དང་ཚྭ་འདམ་གཞོང་གི་འཕང་འབྲས་མིང་བྱང་ཁྲོད་ཚུད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་བཙོག་མེད་ཟས་རིགས་གཞུང་སྒྲུབ་ཁང་ནས་ཤེས་གསལ་བྱུང་བ་ལྟར་ན། ཡོ་རོབ་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱི་ཚེས་20ཉིན་ཐག་གཅོད་བྱས་པ་ལྟར་ན། དངོས་སུ་མིང་རྟགས་བཀོད་པའི་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་ས་གཤིས་རྟགས་མཚན་གྱིས་གྲོས་མཐུན་བྱུང་བ་ལྟར། སྐོར་དང་པོའི་ཀྲུང་གོའི་ས་གཤིས་རྟགས་མཚན་100ལ་ཡོ་རོབ་མནའ་འབྲེལ་གྱི་སྲུང་སྐྱོབ་ཐོབ། དེའི་ཁྲོད་མཚོ་སྔོན་ཞིང་ཆེན་གྱི་ཐོན་རྫས་སྟེ་ཚྭ་འདམ་གཞོང་གི་འཕང་འབྲས་མིང་བྱང་ཁྲོད་ཚུད། 

ད་ལྟ། མཚོ་སྔོན་འཕང་འབྲས་ཀྱི་འདེབས་འཛུགས་གཞི་ཁྱོན་སྤྱི་ཆིང་ཁྲི4.97ལ་སླེབས་པ་དང་། རྒྱལ་ཡོངས་ཀྱི་འཕང་འབྲས་ཐོན་ཁུལ་ཆེ་གྲས་གཉིས་པ་ཡིན་ཞིང་། བཙོག་མེད་འཕང་འབྲས་ཁེ་ལས་26ལ་ངོས་འཛིན་ར་སྤྲོད་བྱས་པ་དང་། རྒྱལ་ཡོངས་ཀྱི་བཙོག་མེད་ཟས་རིགས་རྒྱུ་ཆའི་རྟེན་གཞི་1གསར་སྐྲུན་བྱས་ཤིང་། རྟེན་གཞིའི་རྒྱ་ཁྱོན་སྤྱི་ཆིང་4533.33ཡོད་པ་དང་། འཕང་འབྲས་རྒྱལ་ཁབ་དང་ས་ཁུལ་20ལྷག་ལ་ཕྱིར་གཏོང་བྱས་ཏེ། ལོ་རེའི་ཕྱིར་གཏོང་བྱེད་ཚད་ཏུན་400ལས་བརྒལ། དེའི་ཁྲོད། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་འཕང་འབྲས་འདེབས་འཛུགས་གཞི་ཁྱོན་གྱིས་སྤྱི་ཆིང་ཁྲི་4.5ཟིན་པ་དང་། མི་ཁྲི་10ཡི་ལས་ཞུགས་ལ་སྣེ་ཁྲིད་བྱས་པ་མ་ཟད། ཉེ་འཁོར་གྱི་དུད་ཁྱིམ་ཁྲི1.7ཡི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས། 

དུས་མཚུངས་སུ། གསར་འགོད་པས་ད་དུང་ཀྲུང་གོ་དང་ཡོ་རོབ་ས་གཤིས་རྟགས་མཚན་གྲོས་མཐུན་གྱི་ནུས་ཐོན་བྱུང་བའི་ལོ་བཞིའི་རྗེས་སུ། གྲོས་མཐུན་གྱི་གཞི་ཁྱོན་རྒྱ་བསྐྱེད་རྒྱུ་ཡིན་ལ། དེའི་ཁྲོད་ཀྲུང་གོ་དང་ཡོ་རོབ་ཕྱོགས་གཉིས་ཀྱི་སྐོར་ཐེངས་གཉིས་པའི་ས་གཤིས་རྟགས་མཚན་175འདུ་བ་རེད། མཚོ་སྔོན་ཞིང་ཆེན་གྱི་ཧོང་ཀྲུང་ཡུག་པོ་དེའི་ཁྲོད་ཚུད་ཡོད་ཅིང་། དེར་རྗེས་ཕྱོགས་ཀྱི་ལོ་ངོ་བཞིའི་ནང་དུ་ཀྲུང་གོ་དང་ཡོ་རོབ་ས་གཤིས་གྲོས་མཐུན་གྱི་སྲུང་སྐྱོབ་ཐོབ་རྒྱུ་རེད། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།