རྨ་ལྷོའི་རིག་གནས་ལྗོངས་རྒྱུ་དུས་ཆེན་སྐབས་གཉིས་པ་སྤེལ་མགོ་བརྩམས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྨ་ལྷོའི་རིག་གནས་ཡུལ་སྐོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལ་རོགས་སྐུལ་བྱེད་པ། རང་ཁུལ་གྱི་རིག་གནས་ཡུལ་སྐོར་ཁྲོམ་ར་ཁྱོན་ཡོངས་ནས་སླར་གསོ་བྱེད་པར་སྐུལ་འདེད་བཏང་སྟེ། "ནུབ་ཡུལ་དཔལ་གྱི་ཞིང་ཁམས།ངོ་མཚར་གཡང་གི་རྨ་ལྷོའི"ཆས་རྟགས་གྲགས་ཅན་སྔར་ལས་གསར་སྐྲུན་བྱ་ཆེད། ཟླ7པའི་ཚེས28ཉིན། སྐབས་གཉིས་པའི་མཚོ་སྔོན་རྨ་ལྷོའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་མགོ་རྩོམ་མཛད་སྒོ་རེབ་གོང་གྲོང་ཁྱེར་གྱི་རེབ་གོང་རིག་གནས་ཐང་ཆེན་དུ་གཟབ་རྒྱས་ངང་བསྡུས།

1595983516649354.jpeg

2.jpeg

མགོ་རྩོམ་མཛད་སྒོའི་སྟེང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་གཡུ་སྒྲོན་འཚོས་ཤིས་ཚིག་གསུང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་མཱ་མིན་ཧྲིན་གྱིས་སྐབས་གཉིས་པའི་མཚོ་སྔོན་རྨ་ལྷོའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་བྱ་འགུལ་སྣ་ཚོགས་དངོས་སུ་སྤེལ་མགོ་ཚུགས་པ་ཁྱབ་བསྒྲགས་བྱས། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་དང་ཁུལ་གྱི་ཚན་ཁག་ཆེན་མོ་བཞི། རྫོང་བཞིའི(གྲོང་ཁྱེར)མི་དམངས་སྲིད་གཞུང་། ཁུལ་ཐད་གཏོགས་ཀྱི་ལས་ཁུངས་སོ་སོའི་འགན་ཁུར་མི་སྣ་དང་དེ་མིན་རེབ་གོང་གྲོང་ཁྱེར་གྱི་རིགས་སོ་སོའི་མང་ཚོགས་རྣམས་ཀྱིས་མཉམ་དུ་རྨ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པས་འཁྲབ་སྟོན་བྱས་པའི་དགོང་ཚོགས་ཆེན་མོ《རི་ཆུའི་རྨ་ལྷོ》ཞེས་པའི་རིག་རྩལ་འཁྲབ་སྟོན་ལ་ལྟས་པ་རེད།

3.jpeg

ཉེ་བའི་ལོ་འགའི་རིང་ལ། རྨ་ལྷོ་ཁུལ་གྱིས"དམིགས་གཅིག་མཐོ་གཉིས"ཀྱི་བཀོད་སྒྲིག་ལ་དམ་དུ་དམིགས་ཤིང་། "རི་ཆུའི་རྨ་ལྷོ"གསར་སྐྲུན་བྱེད་པ། སྤུས་ཚད་མཐོ་བའི་སྒོ་ནས"དཔེ་སྟོན་ཁུལ་གསུམ་འཛུགས་སྐྲུན"ལ་སྐུལ་སྤེལ་བྱེད་པ་ནི་དམིགས་འབེན་བྱས་ཏེ། "བརྟན་བརླིང་དྲུག"དང"འགན་སྲུང་དྲུག"གི་ལས་འགན་ལ་སྐུལ་འདེད་གཏིང་ཟབ་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས"རིག་གནས་ཡུལ་སྐོར་གྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་སྒྱུར་བཅོས་བྱེད་པ"ནི་གཙོ་གཞི་བྱེད་པ། ཁྱོན་ཡོངས་ནས"ཞིང་ཆེན་རིམ་པའི་རིག་གནས་ཡུལ་སྐོར་མཉམ་བསྲེས་འཕེལ་རྒྱས་དཔེ་སྟོན་ཁུལ"འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། རེབ་གོང་སྒྱུ་རྩལ་དང་རྨ་ལྷོའི་བོད་ཀྱི་ཟློས་གར། དམངས་སྲོལ་དུས་ཆེན། དགོན་པ་གྲགས་ཅན་དང་གནའ་མཁར་གྲགས་ཅན། རི་མཛེས་ཆུ་གཙང་དང་དེ་མིན་རྩྭ་ཐང་གི་འབྲོག་པའི་རིག་གནས་སོགས་རྨ་ལྷོའི་ཁྱབ་ཁོངས་ཀྱི་ཁྱད་ལྡན་ཐོན་ཁུངས་ཀྱི་དགེ་མཚན་བེད་སྤྱོད་གང་ལེགས་བྱས་ཏེ། "རྨ་ལྷོའི་རིག་གནས་ཡུལ་སྐོར་དུས་ཆེན"དང"གཡང་མདའ་རྟགས་མའི་རྒྱལ་སྤྱིའི་སྲོལ་རྒྱུན་མདའ་འཕེན་གདན་ཞུ་འགྲན་ཚོགས།" "བོད་ཀྱི་ཟློས་གར་འགྲེམ་འཁྲབ་གཟའ་འཁོར།" "ནཱ་ཏམ་སྤྲོ་ཚོགས་ཆེན་མོ།" "ཧོར་གྱི་རྡོ་བརྐོས་སྒྱུ་རྩལ་དུས་ཆེན"སོགས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་ཆས་རྟགས་གྲགས་ཅན་རྒྱལ་ཁའི་ངང་སྐྲུན་ནས། སྔར་ལས་ལྷག་པར"ནུབ་ཡུལ་དཔལ་གྱི་ཞིང་ཁམས། ངོ་མཚར་གཡང་གི་རྨ་ལྷོའི"ཆས་རྟགས་གྲགས་ཅན་གྱི་སྣང་བརྙན་གསར་སྐྲུན་བྱས་ཏེ། རྒྱལ་ཡོངས་སུ་བག་ཤུགས་ཡོད་པའི་ཡུལ་སྐོར་བྱེད་ཡུལ་འཛུགས་སྐྲུན་བྱས་ནས། མི་རིགས་རིག་གནས་དང་ཆོས་ལུགས་རིག་གནས། ལོ་རྒྱུས་རིག་གནས། སྐྱེ་ཁམས་རིག་གནས་བཅས་ཕན་ཚུན་མཉམ་བསྲེས་དང་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་ལེགས་པོ་ཕྱི་རུ་མངོན་ཡོད་ལ། རིགས་སོ་སོའི་མི་དམངས་མང་ཚོགས་ལ་རིག་གནས་ཀྱི་མཛེས་སྡུག་དང་སྐྱེ་ཁམས་ཀྱི་མཛེས་སྡུག ཚེ་སྲོག་གི་མཛེས་སྡུག འཚོ་བའི་མཛེས་སྡུག་ལ་རོལ་མྱོང་བྱེད་དུ་བཅུག་ཡོད།

4.jpeg

མིག་སྔར། རིམས་ནད་འགོག་སྡོམ་རྒྱུན་རྣམ་ཅན་གྱུར་དུ་བའི་གནས་བབ་འོག་ཏུ། རྨ་ལྷོ་ཁུལ་གྱིས"རིག་གནས་ཀྱིས་ཡུལ་སྐོར་ལ་སྐུལ་ཁྲིད་དང་ཡུལ་སྐོར་གྱིས་རིག་གནས་ལ་སྐུལ་འདེད་གཏོང་བའི"འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། "རེབ་གོང་དང་རྨ་ཆུ། རྨ་ཁུག སྣ་མང་རིག་གནས"ཁྱད་ཆོས་སུ་བཟུང་ནས། རང་འགུལ་ངང་རྒྱལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་ཁྱོན་ཡོངས་ནས་སླར་གསོ་བྱེད་པའི་རྣམ་པ་གསར་བ་དང་། གོ་སྐབས་གསར་བ་དང་འཚམ་པར་བྱས་ནས།  ཁྱོན་ཡོངས་ནས་རྨ་ལྷོའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གཉིས་པ་སྤེལ་མགོ་བརྩམས་པ་མ་ཟད། མུ་མཐུད་དུ་རེབ་གོང་དྲུག་པའི་ཀླུ་རོལ་དམངས་སྲོལ་འགྲེམ་འཁྲབ་གཟའ་འཁོར་དང་རེབ་གོང་དམངས་སྲོལ་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོ། ནཱ་ཏམ་སྤྲོ་ཚོགས་སོགས་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་བྱ་འགུལ་རབ་དང་རིམ་པ་མང་པོ་བཀོད་སྒྲིག་བྱས་ཏེ། རིག་གནས་ཡུལ་སྐོར་ཐོན་ལས་ཀྱིས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད། མི་དམངས་མང་ཚོགས་ཀྱི་འཛད་སྤྱོད་འདོད་བློར་སྐུལ་སློང་དང་འཛད་སྤྱོད་དགོས་མཁོ་རྒྱ་སྐྱེད་བྱས་པ་དང་། རིག་གནས་དང་ཡུལ་སྐོར། ལུས་རྩལ་སོགས་ལས་རིགས་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་བྱ་འགུལ་ལ་གསོན་ཤུགས་གསར་བ་བསྩལ་བ་དང་། སྔར་ལས་ལྷག་པར་རྨ་ལྷོའི་རིག་གནས་ཡུལ་སྐོར་ལས་རིགས་ཁྱོན་ཡོངས་ནས་སླར་གསོ་བྱེད་པར་སྐུལ་འདེད་བྱས་ནས་རྨ་ལྷོའི་དཔལ་འབྱོར་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་འབྱུང་བར་སྒུལ་ཤུགས་གསར་བ་བསྩལ་བ་རེད།

5.jpeg

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།