མཚོ་སྔོན་ཞིང་ཆེན་གྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལ་གྲུབ་འབྲས་གསར་བ་ཐོབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ(རྒྱ་ཆེ)ཐེངས་དགུ་པའི་ཐོག་ནས་ཤེས་རྟོགས་བྱས་པར། འདི་ལོའི་ཟླ་བ་བཞི་པར་ཀྲུང་དབྱང་དང་ཞིང་ཆེན་པུའུ་ཨུད་ཀྱིས་ནག་སེལ་གཤེད་བཅོམ་གྱི“གཙང་སེལ་དྲུག”གི་བྱ་སྤྱོད་བཀོད་སྒྲིག་བྱས་ཚུན། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་རྒྱལ་ཡོངས་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བརྒྱད་པ་དང་རྒྱལ་ཡོངས་ནག་སེལ་གཤེད་བཅོམ་གཞུང་ལས་ཁང་གི་ཀྲུའུ་རེན་ཚོགས་འདུ་ཐེངས་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་ནག་སེལ་གཤེད་བཅོམ་གྱི“གཙང་སེལ་དྲུག”གི་བྱ་སྤྱོད་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་དམིགས་ཚད་ལ་དམ་པོར་དམིགས་པ་དང་། གཙོ་གནད་འབུར་ཐོན། མུ་མཐུད་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས“གཙང་སེལ་དྲུག”གི་བྱ་སྤྱོད་འགག་སྒྲོལ་དམག་འཐབ་ལ་སྐུལ་འདེད་བཏང་བར་བརྟེན། རེས་སྐོར་གསར་པའི་འགོག་རྒོལ་གྱི་ཚ་རླབས་མགྱོགས་མྱུར་འཕྱུར་ཏེ་ཆེད་དོན་འཐབ་རྩོད་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་ཟམ་མི་ཆད་པར་སྐུལ་འདེད་བཏང་བ་རེད། མིག་སྔའི་བར་ཞིང་ཆེན་ཡོངས་ཀྱིས་ནག་སེལ་གཤེད་བཅོམ་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་ཚོགས་པ123མྱུལ་ཞིབ་ཐུབ་པ་དང་། ཉེས་དོན་གྱོད་གཞི1263རྩད་ཆོད་པ། གྱོད་འབྲེལ་སྒོར་དུང་ཕྱུར5.93རི་བའི་རྒྱུ་ནོར་ལ་སྒོ་ཐེལ་རྒྱག་པ་དང་བཀག་ཉར་བྱས་པ། གྱོད་གཞི144དང་མི1034གཞུང་གཏུག་བྱས་པ། འདྲི་གཅོད་དང་པོས་གྱོད་གཞི98དང་མི655འདྲི་གཅོད་བཅས་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།