མཚོ་སྔོན་ཞིང་ཆེན་གྱི་བརྙན་འཕྲིན་སྟེགས་བུའི་གླུ་ཤགས་འགྲན་བསྡུར་སྐབས་གསུམ་པའི་གཟེངས་རྟགས་གནང་བའི་མཛད་སྒོ་མཚོ་ལྷོ་ཁུལ་དུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས23ཉིན་མཚོ་སྔོན་ཞིང་ཆེན་གྱི་བརྙན་འཕྲིན་སྟེགས་བུའི་གླུ་ཤགས་འགྲན་བསྡུར་སྐབས་གསུམ་པའི་གཟེངས་རྟགས་གནང་བའི་མཛད་སྒོ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བརྙན་འཕྲིན་ཁང་དུ་བསྡུས། ཐེངས་འདིིའི་འགྲན་བསྡུར་ནི“དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་དང་མཚོ་སྔོན་ཞིང་ཆེན་རོལ་མོ་བའི་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་པའི་མཐུན་ཚོགས། ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་དྲིལ་སྒྲོག་པུའུ། མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། མཚོ་ལྷོ་ཁུལ་བརྙན་འཕྲིན་ཁང་བཅས་ཀྱིས་གཙོ་སྒྲུབ་དང་། གངས་ལྷ་མེ་ཏོག་གྱོན་ཆས་ཚད་ཡོད་སྤྱི་གཉེར་ཁང་དང་མཚོ་ལྷོ་ཁུལ་ཅིན་ཡོན་མི་རིགས་བཟོ་རྩལ་མཛེས་རིས་ཚོང་ཟོག་ཚད་ཡོད་ཀུང་ཟི་བཅས་ཀྱིས་རོགས་སྒྲུབ་གནང་བ་རེད། འགྲན་བསྡུར་ལ་རིམ་པ་དང་པོའི་བྱ་དགའ1དང་། རིམ་པ་གཉིས་པའི་བྱ་དགའ2། རིམ་པ་གསུམ་པའི་བྱ་དགའ3། ཕུལ་བྱུང་བྱ་དགའ10། མངོན་མིན་སྟོབས་ཤུགས་ཀྱི་བྱ་དགའ20། ཕུལ་བྱུང་རྩ་འཛུགས་ཀྱི་བྱ་དགའ11བཅས་བཀོད་སྒྲིག་བྱས་ཡོད།

31.jpeg

མཚོ་སྔོན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཀུའུ་ཞའོ་ཧེང་དང་མཚོ་ལྷོ་ཁུལ་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཀྲའོ་ཆིང་། མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་རིན་བྷེ། ཀྲུང་གོ་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའམ་མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་བསོད་ནམས་རྡོ་རྗེ། མཚོ་སྔོན་ཞིང་ཆེན་རོལ་མོ་བའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཚང་ཧའེ་ཕིང་། ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ཚེ་དབང་རིག་འཛིན། ཐེངས་འདིའི་འགྲན་བསྡུར་གྱི་དཔྱད་འདེམས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་གུ་རུ་བཅས་འབྲེལ་ཡོད་འགོ་ཁྲིད་རྣམས་བྱ་དགའ་སྤྲོད་པའི་མཛད་སྒོར་ཞུགས་པ་རེད།

32.png

མཚོ་སྔོན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཀུའུ་ཞའོ་ཧེང་གིས་ཤིས་ཚིག་འབུལ་བཞིན་པ།

33.png

མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་རིན་བྷེ་ཡིས་ཤིས་ཚིག་འབུལ་བཞིན་པ།

 ཐེངས་འདིའི་འགྲན་བསྡུར་ནི་བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན།  ཀན་སུའུ་ཞིང་ཆེན། སི་ཁྲོན་ཞིང་ཆེན། ཡུན་ནན་ཞིང་ཆེན་བཅས་ཞིང་ཆེན་ལྔ་དང་ས་ཁུལ11ནས་ཡོང་བའི་ཕུལ་བྱུང་འཁྲབ་སྟོན་པ་དང་གླུ་བ66སྒྲིག་འཛུགས་བྱས་ནས་དུས་ཡུན་ཉིན3རིང་འདེམས་སྒྲུག་བྱས་པ་ལས་གདམ་ཐོན་བྱུང་བ་ཡིན་ལ། ཐེངས་འདིའི་འགྲན་བསྡུར་བརྒྱུད་མི་རིགས་ཀྱི་དམངས་ཁྲོད་རིག་གནས་དར་སྤེལ་དང་བོད་ཀྱི་སྲོལ་རྒྱུན་རིག་གནས་ཤུལ་བཞག་ལ་སྔར་ལས་གསོན་ཤུགས་བསྩལ་པ་མ་ཟད། བོད་ཀྱི་དམངས་གཞས་གསར་རྩོམ་གྱི་རྣམ་པ་གསར་པ་དེ་རྒྱ་ཆེའི་བརྙན་འཕྲིན་ལྟད་མོ་བའི་མིག་ལམ་དུ་བསྟར་ཡོད།

34.png

35.png

36.png

 སྔར་ལས་ལྷག་པར་མི་རིགས་ས་ཁུལ་གྱི་རིག་གནས་སྤེལ་རེས་དང་མི་རིགས་མཐུན་སྒྲིལ་དམ་ཟབ་ཏུ་གཏོང་ཆེད། བརྙན་འཕྲིན་གྱི་ལས་སྟེགས་བརྒྱུད་ནས་གླུ་ཤགས་ལ་མོས་བ་ཚོ་བརྙན་འཕྲིན་གྱི་བརྙན་ཤེལ་དུ་བསྐྱོད་དེ་རང་ཉིད་ཀྱི་བདེ་སྐྱིད་འཚོ་བར་བསྟོད་གླུ་ལེན་པའི་གོ་སྐབས་གནང་བ་མ་ཟད། བརྙན་འཕྲིན་ལ་བརྟེན་ནས་བོད་རིགས་ས་ཁུལ་གྱི་རོང་འབྲོག་པའི་ཉམས་འགྱུར་དང་འཚོ་བ་གསར་བ་མངོན་པར་བྱས་ཤིང་བོད་ཀྱི་དམངས་ཁྲོད་སྒྱུ་རྩལ་གྱི“མུ་ཏིག”དེ་བརྙན་འཕྲིན་སྨྱན་སྦྱོར་ཐོག་བཀྲག་མདངས་འཚེར་བར་བྱས་ཡོད། །

37.png

38.png

39.png

40.png

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།