ཝང་ཅན་ཅུན་སོགས་འགོ་ཁྲིད་དང་སྐུ་མགྲོན་རྣམས་ཀྱིས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་འགྲེམས་སྟོན་ཁང་ལ་ལྟ་སྐོར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས23ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཅན་ཅུན་སོགས་འགོ་ཁྲིད་དང་སྐུ་མགྲོན་རྣམས་ཀྱིས་སྐབས་ཉེར་གཅིག་པའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་འགྲེམས་སྟོན་ཁང་ལ་ལྟ་སྐོར་བྱས། 

མཚོ་སྔོན་ཚོང་གཏམ་གྲོས་ཚོགས་དེ་བདེ་བླག་ངང་སྐབས20ལ་གཉེར་བ་དང་སྐབས་རེ་རེར་ངོ་མཚར་ཆེ་ཞིང་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ད་ལོའི་མཚོ་སྔོན་ཚང་གཏམ་གྲོས་ཚོགས་ཀྱིས་དྲ་ཐོག་དང་དྲ་ཕྱི་མཉམ་སྤྱོད་དང་དོན་དངོས་དང་དྲ་རྒྱ་མཉམ་འགྲོས་ཀྱི་བྱ་ཐབས་སྤྱད་དེ་ལྗང་མདོག་འཕེལ་རྒྱས་དང་གསར་གཏོད་ཀྱི་སྣེ་ཁྲིད། སྒོ་འབྱེད་མཉམ་ལས། སྤྱི་ཚོགས་རིག་གནས་འབྲེལ་འདྲེས། མཉམ་སྤྱོད་མཉམ་སྐྲུན་བཅས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་འབྲེལ་འདྲེས་ཀྱི་ལས་སྟེགས་གལ་ཆེན་གཏོད་རྒྱུར་དམིགས་ཤིང་། ལྗང་མདོག་འཕེལ་རྒྱས་རྣམ་པའི་རིམ་སྤོར་མཐོར་འདེགས་ལ་ཁ་གཏད་དེ་དཔལ་འབྱོར་མཉམ་ལས་ཀྱི་བར་སྟོང་གསར་བ་རྒྱ་བསྐྱེད་དང་ས་ཁོངས་མཉམ་འགུལ་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། 

ཝང་ཅན་ཅུན་སོགས་འགོ་ཁྲིད་དང་སྐུ་མགྲོན་རྣམས་མཚོ་སྔོན་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་ཕེབས་ནས་སྔ་གཞུག་ཏུ་མཚོ་སྔོན་ཕྱོགས་བསྡུས་ཁང་དང་། སྐྱེ་ཁམས་དཔལ་འབྱོར་འཕེལ་རྒྱས་ཁང་། འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་ཁང་། གྲངས་གཞིའི་དཔལ་འབྱོར་འཕེལ་རྒྱས་ཁང་། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཁང་། བརྗོད་དོན་གཙོ་བོའི་གྲོང་ཁྱེར་ཁང་། ས་ཁུལ་འཕེལ་རྒྱས་ཁང་སོགས་རྣམ་པ་མི་འདྲ་ཞིང་ཁྱད་ཆོས་ལྡན་པའི་འགྲེམས་ཁང་རེ་རེར་ཕེབས་ཏེ་སྤྲོ་སྣང་ཆེན་པོས་དངོས་རྫས་དང་འགྲེམས་པང་། བརྙན་ཟློས། བྱེ་གཞོང་བཅས་འགྲེམས་སྟོན་ལ་ལྟས་པ་དང་ལས་དོན་མི་སྣའི་ངོ་སྤྲོད་ལ་ནན་ཏན་གྱིས་ཉན་ཞིང་། ཚོགས་ཞུགས་ཁེ་ལས་དང་ལས་རིགསསོ་སོའི་མི་སྣ་དང་གླེང་མོལ་བྱས་ཏེ་ཉམས་ལེན་བརྗེ་རེས་བྱས། ཚང་མས་མཉམ་དུ་སྒོ་འབྱེད་མཉམ་ལས་དང་ལྗང་མདོག་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་ཤོས་རྒྱུས་ལོན་བྱས་ཤིང་ཐུན་མོང་ཐོག་མཚོ་སྔོན་གྱི་མ་འོངས་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་དང་རྣམ་པ་གསར་པ། བྱེད་སྟངས་གསར་པར་བསམ་གཞིག་བཏང་།  

“སྐྱེ་ཁམས་དང་འཁོར་སྐྱོད། གྲངས་ཀ། གནས་བརྒལ”བཅས་དཔལ་འབྱོར་གྱི་རྣམ་པ་རིགས་བཞི་ཡིས་དཔལ་འབྱོར་ཚུལ་སྒྱུར་འཕེལ་རྒྱས་ཀྱི་རྣམ་པ་གསར་བར་སྣེ་ཁྲིད་ནས་མི་རིགས་མང་པོ་འཆམ་མཐུན་མཉམ་གནས་ཀྱིས་རྣམ་པར་བཀྲ་བའི་ས་ཁོངས་རིག་གནས་བཏོད་པ་དང་། དེ་ནས “ཐད་གཏོང་ཟོག་ཁྲིད”ཀྱིས་ས་གནས་ཀྱི་ཁྱད་ལྡན་ཞིང་འབྲོག་ལས་ཐོན་རྫས་ཕྱིར་གཏོང་བྱས་པ་་་་་་ འགྲེམས་ཁང་སོ་སོའི་ནང་གི་ཇུས་འགོད་གསར་བ་དང་ལག་རྩལ་གསར་བ། ཐོན་རྫས་གསར་བ། ཞབས་ཞུ་གསར་བ། ལས་རྣམ་གསར་བ་བཅས་མི་རྣམས་ལ་མྱོང་ཚོར་གསར་བ་སྤྱིན་ཞིང་འགོ་ཁྲིད་དང་སྐུ་མགྲོན་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད། 

རྒྱལ་ཁབ་པུའུ་ཨུའི་འགོ་ཁྲིད་དང་ཀྲུང་གོར་བཅའ་སྡོད་གཞུང་ཚབ་པ། ཟི་ལིང་དུ་ཡོད་པའི་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་དམངས་ཆེན་གྱི་རྒྱུན་ཨུ། ཞིང་ཆེན་སྲིད་གྲོས་ཀྱི་འགོ་ཁྲིད་བཅས་བྱ་འགུལ་ལ་ཞུགས།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།