​“སྤྲིན་ཐོག་མཚོ་སྔོན་ཚོང་གཏམ་གྲོས་ཚོགས”ཀྱི་ཐད་གཏོང་ལྟད་མོ་བ་མི་ཐེངས་ཁྲི1000ལས་བརྒལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ7པའི་ཚེས23ཉིན།  ཀྲུང་གོ·མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་གཅིག་པ་ཟི་ལིང་དུ་འཚོགས་པ་རེད།  དྲ་ཐོག་ཏུ་སྤེལ་བའི“སྤྲིན་ཐོག་མཚོ་སྔོན་ཚོང་གཏམ་གྲོས་ཚོགས”ཐེངས་དང་པོ་ཡིན་པའི་ངོས་ནས་ཉིན་དེའི་སྔ་དྲོར་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་དང་གཙོ་དོན་གླེང་སྟེགས་ལ་ཡུལ་དངོས་སུ་དྲ་ཐོག་ནས་ཐད་གཏོང་བྱས། དུས་ཚོད12བར་དྲ་ཐོག་ནས་ཐད་གཏོང་ལ་ལྟ་མཁན་ཧ་ཅང་མང་ལ་མི་ཐེངས་ཁྲི1000ལས་བརྒལ་བ་རེད།

ཡུལ་དངོས་ཀྱི་ཐད་གཏོང་ཞིན་ཧྭ་དྲ་བ་དང་མི་དམངས་དྲ་བ།  ཀྲུང་གོའི་གསར་འགྱུར་དྲ་བ།  མགྱོགས་འཕྲིན།  འཁྱུག་དབྱངས།  པའེ་ཏུའུ་ཀུན་འདུས་ཨང་རྟགས།  མཚོ་སྔོན་ཚགས་པར་ཁང་།  མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་།  ནུབ་མཚོ་གྲོང་ཁྱེར་ཚགས་པར།   མཚོ་སྔོན་གསར་འགྱུར་དྲ་བ།  ཟི་ལིང་དགོང་དྲོའི་ཚགས་པར།  ཟི་ལིང་བརྙན་འཕྲིན་ཁང་བཅས་སྨྱན་སྦྱོར་སུམ་ཅུ་ལྷག་གིས་དུས་ཚོད5ལྷག་གི་རིང་མཉམ་དུ་ཐད་གཏོང་བྱས་པ་དང་།  དྲ་རྒྱའི་ཁྱབ་རྒྱ་ཆེ་ཞིང་ལྟ་མཁན་ཅུང་མང་བ་མ་ཟད་དྲ་ཐོག་ནས་ཡང་བསྐྱར་བལྟ་མཁན་ཡང་ཡོད་པས།  ཕྱོགས་ཡོངས་ནས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་འགོ་ཚུགས་མཛད་སྒོ་དང་གཙོ་དོན་གླེང་སྟེགས་ཀྱི་གཟབ་རྒྱས་ཀྱི་རྣམ་པ་མངོན་པར་མཚོན་ཡོད་ལ།  མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ལ་དོ་ཁུར་བྱེད་མཁན་གྱི་དྲ་དམངས་དག་ལ“བར་ཐག་མེད་པའི”ངང་ཡུལ་དངོས་ཀྱི་གནས་ཚུལ་ཕུན་སུམ་ཚོགས་པའི་མྱོང་ཚོར་ཐུབ་པར་བྱས།  མཚོ་སྔོན་གསར་འགྱུར་དྲ་བའི་ཐད་གཏོང་རྒྱབ་སྟེགས་ཀྱི་གྲངས་གཞི་ཆེན་པོའི་ལྟ་ཞིབ་ཚད་ལེན་གྱི་དུས་མཚམས་དབྱེ་ཞིབ་རེའུ་མིག་ལས།  སྔ་དྲོའི་དུས་ཚོད10དང་སྐར་མ30ཡི་ཐོག་འགོ་ཚུགས་མཛད་སྒོར་གཟིགས་པའི་མི་ཚོགས་ཆེས་མང་ཤོས་སུ་སླེབས་པ་དང་། ཐད་གཏོང་ལ་བལྟ་མཁན་གསར་བ44%ཟིན་ཡོད།

 “སྤྲིན་ཐོག་མཚོ་སྔོན་ཚོང་གཏམ་གྲོས་ཚོགས”ཀྱི་དྲ་ཕྱིའི་འགྲེམས་ཚོགས་ཕུན་སུམ་ཚོགས་པ་དང་རྒྱ་བསྐྱེད་དུ་བཏང་ཡོད་ལ།  སྐབས་འདིའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་བཀྲག་མདངས་འཚེར་ས་ཆེ་ཤོས་ཤིག་ཀྱང་ཡིན་པས།  མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་ཁྱབ་རྒྱ་དང་སྐད་གྲགས་ཀྱི་ཚད་མཐོ་རུ་གཏོང་བར་གསར་གཏོད་ཀྱི་དོན་སྙིང་གཏིང་ཟབ་ལྡན་པ་རེད།  འགྲེམས་ཚོགས་སྐབས་སུ་མཚོ་སྔོན་ཞིང་ཆེན་དང་ཀྲུང་གོ་ལན་ཐུང་ཀུང་སིའི་མཉམ་འབྲེལ་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་དང་མཚོ་སྔོན་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་སུ5Gབརྡ་རྟགས་འཕེན་གཏོང་དང5GདེWifiལ་བསྒྱུར་བའི་སྒྲིག་ཆས་ཁག་གཅིག་བཙུགས་ནས།  འགྲེམས་ཞུགས་ཚོགས་འདུའི“དྲ་ཐོག”བརྒྱུད་བསྒྲགས་ཀྱི་ཁྱབ་གདལ་མྱུར་ཚད་མགྱོགས་པ་དང་།  ཁྱབ་རྒྱ་ཆེ་བ་བཅས་ཀྱི་དྲ་རྒྱའི་ལག་རྩལ་ལ་རྒྱབ་སྐྱོར་དང་མཁོ་འདོན་བྱས་པ་དང་།  རྒྱ་ཆེའི་དྲ་དམངས་རྣམས་ལ་གསལ་ཞིང་མྱུར་ཚད་མགྱོགས་པའི་ཡུལ་དངོས་ཀྱི་ཐད་གཏོང་ལ་ལྟ་བར་སྟབས་བདེ་བསྐྲུན་པ་རེད།  

“སྤྲིན་ཐོག་ཐད་གཏོང”ལས་གཞན།   “སྤྲིན་ཐོག་མཚོ་སྔོན་ཚོང་གཏམ་གྲོས་ཚོགས”ཐོག་ད་དུང་སྤྲིན་ཐོག་གན་རྒྱ་འཇོག་པ་དང་།  སྤྲིན་ཐོག་ཚོང་དོན་གཉེར་བ།  དྲ་ཐོག་འོས་སྦྱོར་སོགས་ཀྱི་དཔེ་དུམ་བཙུགས་ཡོད།  དེས་རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་གྱི་རྒྱབ་ལྗོངས་འོག་མཚོ་སྔོན་ཞིང་ཆེན་གྱི་དྲ་ཕྱི་དང་དྲ་ཐོག་ཏུ་འགྲེམས་ཚོགས་ནང་ཞུགས་པའི་ཁེ་ལས་ལ་གོ་སྐབས་སྦྱིན་ཡོད་པ་དང་།  ཁྲོམ་ར་རྒྱ་ཆེར་བཏང་བས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་སྐད་གྲགས་དང་ཤུགས་རྐྱེན་ཐེབས་ཤུགས་སྔར་ལས་མཐོར་འདེགས་བཏང་ཡོད།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།