ཀྲུང་གོ·མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་གཅིག་པ་འཚོགས་འགོ་བརྩམས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས23ཉིན། ཀྲུང་གོ·མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་གཅིག་པ་ཟི་ལིང་དུ་འཚོགས་པ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་གོ་ཀྲུང་དབྱང་རྒྱུན་ལས་ཨུ་ཡོན་གྱི་ཀྲུའུ་ཞི་གཞོན་པ་ཀྲིན་ཅན་པང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་གྱིས་སོ་སོ་ནས་ཤིས་ཚིག་ཕུལ་བ་དང་འབྲེལ་ཐུན་མོང་གིས“ཀྲུང་གོ·མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་གཅིག་པ་དང་། ‘སྤྲིན་ཐོག་མཚོ་སྔོན་ཚོང་གཏམ་གྲོས་ཚོགས’དང་མཚོ་སྔོན་པོ་སྐོར་བའི་གློག་སྒུལ་རླངས་འཁོར་འགྲན་བསྡུར”སྐབས་བདུན་པ་འགོ་བརྩམས་ཤིང་། རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཐང་ཅུན་གྱིས་ཤིས་ཚིག་ཕུལ་བ་རེད།

ཀྲིན་ཅན་པང་གིས་ཚོགས་ཆེན་འགོ་བརྩམས་པར་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་བརྗོད་དོན་ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་བཟུང་ནས་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་དུས་རབས་ཀྱི་བརྗོད་དོན་གཙོ་བོ་ཁོང་དུ་ཆུད་པ་དང་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་ནས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཕྱོགས་སྟོན་དུ་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་འཚོལ་ཞིབ་བྱས་ཡོད། སྐབས་འདིའི་མཚོ་སྔོན་གྱི་ཚོང་གཏམ་གྲོས་ཚོགས་འདི་ནི་དྲ་ཐོག་དང་དྲ་ཐོག་མིན་པའི་བྱེད་ཐབས་གཞན་ཟུང་འབྲེལ་བྱས་ཡོད་ལ། དམིགས་བསལ་དུས་སྐབས་སུ་དུས་བབ་ཀྱི་འགྱུར་ལྡོག་ལ་ཁ་གཏོད་པ་དང་ནམ་ཡང་མཇུག་སྒྲིལ་རྒྱུ་མེད་པའི་མཚོ་སྔོན་གྱི་ཚོང་གཏམ་གྲོས་ཚོགས་འཚོགས་པའི་གསར་གཏོད་ཀྱི་བྱེད་ཐབས་དང་དངོས་སྒྲུབ་ཐབས་ཇུས་ཤིག་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་གཅིག་གྱུར་བཀོད་འདོམས་དང་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་ལག་བསྟར་བྱེད་པའི་བྱ་སྤྱོད་དངོས་ཤིག་ཀྱང་ཡིན་ཟེར།   

 ཝང་ཅན་ཅུན་གྱིས་ཤིས་ཚིག་འབུལ་སྐབས་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཚབ་བྱས་ནས་ཐག་རིང་ནས་ཕེབས་པའི་སྐུ་མགྲོན་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ད་ལོ་ནི་དམིགས་བསལ་གྱི་ལོ་ཞིག་ཡིན་ཞིང་། གློ་བུར་དུ་བྱུང་བའི་པྲོག་གསར་གློ་ཚད་རིམས་ནད་ཀྱིས་གནོད་པ་ཚབས་ཆེན་བཟོས་པས་འཛམ་གླིང་ལ་བདེ་འཇགས་མིན་པའི་ཚོར་བ་སྦྱིན་ཡོད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྲབ་བརྟན་གྱི་འགོ་ཁྲིད་འོག ཀྲུང་ཧྭའི་བུ་བུ་མོས་ཕྱར་བ་གྲུ་འདེགས་དང་གནོད་འགོག་རོགས་རེས་བྱས་ཏེ་རིམས་ནད་ལ་འགོག་རྒོལ་བྱེད་པའི་མི་དམངས་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་ཆེད་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད། རིམས་ནད་ཀྱི་གནས་ཚུལ་དེ་ཕལ་ཆེར་འདས་ཟིན་པས་འཕེལ་རྒྱས་ད་དུང་མུ་མཐུད་དུ་མདུན་དུ་བསྐྱོད་དགོས། རྒྱབ་ལྗོངས་འདི་འདྲ་ཞིག་གི་གནས་ཚུལ་འོག་ཏུ་སྐབས་འདིའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་འགོ་བརྩམས་པ་ཡིན་ལ། ཟློས་གར་ཡག་པོ་ཞིག་ཀྱང་གཅིག་རྗེས་གཉིས་མཐུད་ངང་སྟེགས་བུའི་སྟེང་འཛེགས་རྒྱུ་རེད། ངོ་འཕྲད་གྲོས་མོལ་ཚོགས་འདུ་ནི་དུས་བདེ་འཆམ་མཐུན་གཙོ་བོར་འཛིན་པའི་ཁོར་ཡུག་བཟང་པོ་ཞིག་ཡིན་ཞིང་། ཕན་ནུས་ལྡན་པའི་མཁོ་སྤྲོད་གཙོ་བོར་འཛིན་པ་ཞིག་ཡིན་པ་མ་ཟད། འཕེལ་རྒྱས་གཏོང་རྒྱུ་དེ་ལྗང་མདོག་སྐྱེ་ཁམས་གཙོ་བོར་བྱེད་པ་དང་དགོས་མཁོ་སྐོང་རྒྱུ་གཙོ་གནད་དུ་འཛིན་པ་ཡིན། མིག་སྔའི་མཚོ་སྔོན་དུ་མི་དམངས་འཆམ་མཐུན་དང་། སྤྱི་ཚོགས་བདེ་འཇགས། དཔལ་འབྱོར་གོ་རིམ་ལྡན་པ། ཚོང་ར་བཟང་པོ་བྱུང་ནས་མཁོ་སྤྲོད་བྱེད་པའི་དགོས་མཁོ་ཡོད་ལ། དགོས་མཁོ་སྐོང་བའི་མཁོ་སྤྲོད་ཀྱང་ཡོད་པས། ང་ཚོས་སྐུ་མགྲོན་རྣམ་པས་མཁོ་སྤྲོད་དང་དགོས་མཁོའི་ཁྲོད་ནས་ཕུགས་བསམ་འཚོལ་བར་རེ་སྒུག་བྱེད་བཞིན་ཡོད་པས། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱུན་ལོན་ཟབ་མོ་ལྡན་དགོས་པར་བརྗོད།

 ཐང་ཅུན་གྱིས་རྒྱལ་ཁབ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་ཚབ་བྱས་ནས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་འགོ་ཚུགས་པར་རྟེན་འབྲེལ་ཞུས་པ་རེད། ཁོང་གིས་མིག་སྔར་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་བཀོད་འདོམས་སྐུལ་འདེད་གཏོང་བའི་དུས་བབ་འོག མཚོ་སྔོན་གྱི་ཚོང་གཏམ་གྲོས་ཚོགས་འཚོགས་པར་དོན་སྙིང་གལ་ཆེན་ལྡན་ཡོད་ལ་དེ་བརྒྱུད་སྤྲོད་བྱ་རྒྱུ་ནི་མཚོ་སྔོན་གྱིས་རྒྱུན་འཁྱོངས་ལྷོད་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་དང་ཡིད་ཆེས་ཡིན། ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱིས“ཏན་ཏན་ཏིག་ཏིག་བཞིའི”སྤྱིའི་བླང་བྱར་དམིགས་ནས་འགག་སྒྲོལ་གྱི་དཀའ་ཁག་སེལ་བ་དང་དོན་དངོས་ཀྱི་བྱ་བ་སྒྲུབ་པས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཡར་རྒྱས་ཧ་ཅང་ཆེན་པོ་བྱུང་ཡོད། ད་ཐེངས་ཀྱི་མཚོ་སྔོན་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ཐོག“སྒོ་འབྱེད་མཉམ་ལས་དང་། ལྗང་མདོག་འཕེལ་རྒྱས”ཞེས་པ་བརྗོད་བྱ་གཙོ་བོར་བྱས་ཡོད་པས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པའི་ལག་ལེན་གཏིང་ཟབ་ཅིག་དང་། གྲུབ་འབྲས་ལྡན་པའི་སྒོ་ནས་གཉེར་བ་དེས་མཚོ་སྔོན་གྱི་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ཐེབས་ངེས་པ་དང་ནུབ་རྒྱུད་གསར་སྤེལ་ཆེ་མོར་སྐུལ་འདེད་ཐེབས་ངེས་ཡིན།

ཀྲུང་གོ་ས་ཡོམ་ཅུའུ་ཡི་སྔོན་ཆད་ཀྱི་ཅུའུ་ཀྲང་། མཚོ་སྔོན་ཞིང་ཆེན་གྱི་སྔོན་ཆད་ཀྱི་ཧྲིན་ཀྲང་སུང་རོས་ཞང་། ཀྲུང་གོར་བཅའ་སྡོད་ཝུ་ར་ཀུའེ་ཡི་གཞུང་ཚབ་ཆེན་མོ་ཧྥེས་ཨར་ནན་ཏུའོ·ལུའུ་ཀེ་ལི་སི་དང་ཅེན་ཕུའུ་ཁྲེའི་རྒྱལ་ཁབ་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀེ་ཡོན་མིང་། རྒྱལ་ཡོངས་སྲིད་གྲོས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་སྔོན་ཆད་ཀྱི་པུའུ་ཀྲང་གཞོན་པ་ལིག་ལིས་ཧྭ། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་སྔོན་ཆད་ཀྱི་ཅུའུ་ཀྲང་གཞོན་པ་ལིས་ཡུས་ཚའེ། ཀྲུང་ཧྭ་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་གི་ཏང་རྩ་འཛུགས་ཀྱི་ཁོངས་མི་དང་ལས་འཛིན་པ་གཞོན་པ་ཙོའུ་ཐེན་ཅིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚན་ཧྲི་ཁང་གི་སྔོན་ཆད་ཀྱི་ཚན་ཧྲི་ཀེ་ཀྲི་རུང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཀྲོང་ཧྲུའུ་ཞིན་དང་། དེ་མིན་ཐེན་ཅིན། ཧི་ནན། ཉིང་ཞ། བོད་ལྗོངས། ཧྲན་ཤིས། ཅང་སུའུ། ཀྲེ་ཅང་། ཧྲན་ཏུང་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་འགོ་ཁྲིད་དང་། རྒྱལ་ཁབ་ཀྱི་པུའུ་ཨུ། ཀྲུང་གོའི་ཚན་རིག་གླིང་དང་ཀྲུང་གོའི་བཟོ་སྐྲུན་གླིང་། རྒྱལ་སྤྱིའི་རྩ་འཛུགས་དང་། ཀྲུང་གོར་བཅའ་སྡོད་འབྲེལ་ཡོད་རྒྱལ་ཁབ་ཀྱི་ལས་ཁུངས། རྒྱལ་ཁབ་ཕྱི་ནང་གི་ཚོང་བའི་མཐུན་ཚོགས། ཀྲུང་དབྱང་ཁེ་ལས། ཁེ་ལས་གྲགས་ཅན་གཞན་དག་བཅས་ཀྱི་འགན་འཁུར་བ་རྣམས་འགོ་རྩོམ་པའི་མཛད་སྒོར་ཞུགས་པ་རེད།  

ཞིང་ཆེན་གྱི་འགོ་ཁྲིད་ཝང་ཞའོ་དང་། ལིས་ཅེ་ཞང་། ཡུས་ཚུང་ལེ། ཁྲེན་རོས་ཧྥིན། ཀྲང་ཀོང་རུང་། ཉི་མ་སྒྲོལ་མ། ཉའོ་ཁྲིན་ཡོན། ཁོང་ཡུང། དབྱང་ཧྥིན་ཁྲོན། ཝང་ཀྲིན་ཧྲིན། དབྱང་ཀྲི་ཝུན། ཝང་ཞའོ་ཡུང་། ཀྲང་ཝུན་ཁུའེ་བཅས་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་མཱ་ཀྲི་ཝུའེ་སོགས་འགོ་རྩོམ་པའི་མཛད་སྒོར་ཞུགས་ཡོད་པ་རེད། ཝང་ལིས་མིང་གིས་འགོ་འཛིན་བྱས།  །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།