ལིས་ཅེ་ཞང་གིས་ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་མ་རྐང་ཚད་ཡོད་ཀུང་ཟིའི་སྤྱི་འདོན་གཞོན་པ་ལིང་ཞའོ་དང་བཅས་པར་ཐུག་འཕྲད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་གིས་ཟི་ལིང་ནས་ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་མ་རྐང་ཚད་ཡོད་ཀུང་ཟིའི་སྤྱིའདོན་གཞོན་པ་དང་ཐུག་འཕྲད་བྱས།

ལིས་ཅེ་ཞང་གིས་ལིང་ཞའོ་དང་བཅས་པ་སྐབས་ཉེར་གཅིག་པའི་མཚོ་སྔོན་ཚོང་གཏམ་ཚོགས་འདུར་ཞུགས་པར་དགའ་བསུ་ཞུས་ཏེ་བསྟན་དོན། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མཚོ་སྔོན་འདི་ཉིད་རྒྱལ་ཁབ་ཀྱི་ནུས་ཁུངས་ཐོན་ལས་རྟེན་གཞི་གལ་ཆེན་ཞིག་ཏུ་འགྱུར་བར་བྱེད་པའི”མཛུབ་སྟོན་གྱི་བླང་བྱ་གལ་ཆེན་ལ་དམིགས་ནས། ནུས་ཁུངས་གསར་པ་གཞི་ཁྱོན་ཅན་དུ་གསར་སྤེལ་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ། ནུས་ཁུངས་གཙང་མ་སྤྱོད་ཚད་བརྒྱ་ཆའི་བརྒྱ་རུ་སླེབས་པར་དམིགས་ཡུལ་དུ་བྱས་ཏེ། ནུས་ཁུངས་གཙང་མ་ཐོན་སྐྱེད་དང་མཁོ་འདོན། གསོག་ཉར། ཕྱིར་གཏོང་། བསྡུ་ལེན་བཅས་གཞི་གཅིག་ཏུ་འདུས་པའི་ནུས་ཁུངས་གཙང་མའི་དཔེ་སྟོན་ཞིང་ཆེན་གྱི་སྦྲེལ་ཐག་ཧྲིལ་པོའི་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད། ཀྲུང་གོ་རྡོ་སྣུམ་ནི་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་སྤྱིའི་ནུས་ཁུངས་ཀུང་ཟི་ཞིག་ཡིན། ལོ་མང་རིང་མཚོ་སྔོན་ནུས་ཁུངས་བྱ་གཞག་འཕེལ་རྒྱས་ལ་ཧུར་ཐག་གིས་ཞུགས་ནས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཀྲུང་གོ་རྡོ་སྣུམ་གྱིས་ཚོགས་པའི་ཐོན་ཁུངས་དང་མ་དངུལ། དོ་དམ་བཅས་ཀྱི་ལེགས་ཆ་མུ་མཐུད་འདོན་སྤེལ་བྱས་ནས། རང་བྱུང་སོལ་རླངས་དང་གློག་གཙང་མ་དང་། བབ་བསྟུན། མ་གོང་བཅས་ཀྱི་འགྲན་རྩོད་ནུས་པ་འདོན་སྤེལ་བྱེད་པ་དང་། མཚོ་སྔོན་གྱི་ནུས་ཁུངས་གཙང་མའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པར་ཧུར་ཐག་གིས་ཞུགས། མཚོ་སྔོན་གྱི་ནུས་ཁུངས་གསར་པའི་ཐོན་ལས་ལ་སྒུལ་ནུས་གསར་པ་བསྣན་ནས། ནུས་ཁུངས་གཙང་མའི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ཁྲོད་མཉམ་ལས་གཉིས་ཁེ་ཡོང་བར་བྱས་ཡོད་ཟེར།

ལིན་ཞའོ་ཡིས་བཤད་རྒྱུར། མཚོ་སྔོན་ནི་རང་རྒྱལ་གྱི་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་ཕུན་སུམ་ཚོགས་ཤོས་ཀྱི་ཞིང་ཆེན་གྱི་གྲས་ཤིག་ཡིན་པས། ནུས་ཁུངས་གཙང་མའི་དཔེ་སྟོན་ཞིང་ཆེན་བསྐྲུན་རྒྱུར་ཤུགས་ཚད་ཆེ་བ་དང་མྱུར་ཚད་མགྱོགས་པ། ཕན་འབྲས་ལེགས་པ་བཅས་ཡོད། ཀྲུང་གོ་རྡོ་སྣུམ་དང་མཚོ་སྔོན་ཞིང་ཆེན་བར་མཉམ་ལས་ཀྱི་རྨང་གཞི་ལེགས་པོ་ཡོད། རང་བྱུང་སོལ་རླངས་ཀྱི་ཐོན་ལས་སྦྲེལ་ཐག་ཧྲིལ་པོའི་ལེགས་ཆ་འདོན་སྤེལ་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་ནུས་ཁུངས་གཙང་མའི་རྟེན་གཞི་དང་དེ་བཞིན་རྗེས་མཐུད་ལས་གཞིའི་འཛུགས་སྐྲུན་ནང་ནུས་ཤུགས་ཡོད་རྒུས་ཞུགས་འདོད་ཡོད། རླུང་གློག་དང་སླར་སྐྱེ་རུང་བའི་ནུས་ཁུངས་མཉམ་འདྲེས་ཐོག་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་དགོས་པ་དང་། བསྐྱར་སྐྱེས་ནུས་རྒྱུའི་གློག་ཤུགས་ཕྱིར་གཏོང་ལ་འགན་ལེན་བརྟན་པོ་བྱས་ནས། མཚོ་སྔོན་འདི་ཉིད་རྒྱལ་ཁབ་ཀྱི་ནུས་ཁུངས་ཐོན་ལས་རྟེན་གཞི་གསར་པ་གལ་ཆེན་ཞིག་ཏུ་བསྐྲུན་རྒྱུར་རམ་འདེགས་བྱས་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།