ལིའུ་ཐའོ་ཡིས་ཟི་ལིང་དང་མཚོ་ཤར་དུ་སྒོ་ཕྱུགས་དང་ཁྱིམ་བྱ་བཤས་གཏོང་དང་ཁྲོམ་རའི་བྲིན་ཚོང་གནས་ཚུལ་ལ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའ་འཕྲིན། ཟླ7པའི་ཚེས21ཉིན། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་དུ་སྒོ་ཕྱུགས་དང་ཁྱིམ་བྱ་བཤས་གཏོང་དང་ཁྲོམ་རའི་བྲིན་ཚོང་གནས་ཚུལ་ལ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཤ་རིགས་ཚོང་རར་ལྟ་སྐུལ་དོ་དམ་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་རྒྱུ་དང་། སྒེར་ངོས་ནས་བཤས་གཏོང་བའི་བྱེད་སྤྱོད་ལ་རྡུང་རྡེག་བཏང་ནས། མི་དམངས་མང་ཚོགས་ཀྱི་བཟའ་བཅའི་བདེ་འཇགས་ལ་འགན་ལེན་བྱེད་དགོས།

ལིའུ་ཐའོ་ཡིས་ནན་གྱིས་བསྟན་དོན། ས་གནས་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ལས་དོན་ཧུར་ཐག་སྒྲུབ་པ་དང་རང་འགུལ་ངང་འགན་འཁུར་བ། མཐུན་སྦྱོར་གཞོགས་འདེགས་བཅས་བྱས་ཏེ། སྒེར་ངོས་ནས་བཤས་གཏོང་བྱེད་པ་དང་། ཁྲིམས་དང་མི་མཐུན་པར་ཉོ་སྒྲུབ་དང་ལྐོག་འཚོང་། བཤའ་བ། ནད་ཕོག་ནས་ཤི་བའི་སྒོ་ཕྱུགས་དང་ཁྱིམ་བྱ་ལས་སྣོན་དང་བཟོ་འཚོང་བྱེད་པ་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་གཏོང་དགོས། “སྒེར་ངོས་ནས་བཤས་གཏོང་བྱེད་པའི”ནག་ཉེས་མཐའ་གཅིག་ཏུ་མེད་པར་བཟོ་དགོས། འབྱུང་རྩ་ནས་དོ་དམ་ཚོད་འཛིན་དང་ཐབས་ལམ་གྲལ་བཤེར། རྩ་བ་རྩད་གཅོད་དང་ནད་ཡམས་བརྟག་ཞིབ་བཅས་བྱེད་ཤུགས་ཆེ་རུ་བཏང་ནས། སྒོ་ཕྱུགས་དང་ཁྱིམ་བྱའི་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་འགན་ལེན་བྱེད་དགོས། ས་གནས་ཁག་གི་བཤས་ར་བཀོད་སྒྲིག་ས་ཁོངས་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱ་དགོས། སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་ས་ཁོངས་ཀྱི་བཀོད་པ་ལེགས་སྒྲིག་དང་ལེགས་སྒྱུར་བྱེད་པ་དང་། གཅིག་གྱུར་གྱིས་འཆར་འགོད་དང་བཀོད་པ་ལག་བསྟར་བྱས་ཏེ། འཛུགས་སྐྲུན་བསྐྱར་ཟློས་དང་འགྲན་རྩོད་ཐལ་དྲགས་པ་སྔོན་འགོག་བྱ་དགོས། ཁྲིམས་བསྟར་བྱེད་ནུས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་། ཤ་རིགས་འགྲོ་རྒྱུག་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། སྒེར་གྱིས་བཤས་གཏོང་བྱེད་པའི་བསམ་སྦྱོར་དང་གནད་དོན་ཡོད་པའི་ཤ་རིགས་ཕྱིར་ཚོང་གི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ཏན་ཏིག་སྤེལ་ན། མི་སེར་རྣམས་བློ་བདེ་བོའི་ངང་ཟས་རིགས་ཉོ་ཐུབ་པ་དང་བློ་བདེའི་ངང་ཟ་ཐུབ་པ་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།