མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་བརྒྱད་པ་གྲོལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་བརྒྱད་པ་ཟི་ལིང་དུ་གྲོལ་བ་རེད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཀོང་རུང་དང་། མ་ཝུའེ། ཀའོ་ཧྭ། ཉི་མ་སྒྲོལ་མ། ཉའོ་ཁྲེང་ཡུན། ཝུའུ་ཧའེ་ཁུན། ལིའུ་ཐུང་ཏེ་བཅས་དང་། དྲུང་ཡིག་ཆེན་མོ་ཅ་དབྱིང་ཀྲུང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཁྱོན་མི56ཚོགས་འདུར་ཞུགས་ཤིང་ཁྲིམས་ཀྱིས་གཏན་འཁེལ་བའི་མི་གྲངས་ཚད་ཐིག་དང་མཐུན། ཀྲང་ཀོང་རུང་གིས་ཚོགས་འདུར་གཙོ་སྐྱོང་གནང་། 

ཚོགས་འདུའི་ཐོག་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི《མཚོ་སྔོན་ཞིང་ཆེན་གྱི་སྔོན་རྩིས་དོ་དམ་སྲོལ་ཡིག》སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ54བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཐག་གཅོད་དང《ཟི་ལིང་གྲོང་ཁྱེར་གྱི་གཞིས་ཀའི་དོ་དམ་སྲོལ་ཡིག》ལ་ཆོག་མཆན་བཀོད་པའི་སྐོར་གྱི་གྲོས་ཆོད། 《ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག(བཟོ་བཅོས)》ལ་ཆོག་མཆན་བཀོད་པའི་སྐོར་གྱི་གྲོས་ཆོད། 《ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་སྐད་དང་ཡི་གེའི་ལས་དོན་སྲོལ་ཡིག(བཟོ་བཅོས)》ལ་ཆོག་མཆན་བཀོད་པའི་སྐོར་གྱི་གྲོས་ཆོད།《ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་འོས་འགན་སློབ་གསོའི་སྲོལ་ཡིག(བཟོ་བཅོས)》ལ་ཆོག་མཆན་བཀོད་པའི་སྐོར་གྱི་གྲོས་ཆོད། 《ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་དོ་དམ་སྲོལ་ཡིག》ལ་ཆོག་མཆན་བཀོད་པའི་གྲོས་ཆོད།《ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་དམངས་ཆེན་གྱིས〈ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་དོ་དམ་སྲོལ་ཡིག〉མེད་པར་བཟོས་བའི་སྐོར་གྱི་ཐག་གཅོད》ལ་ཆོག་མཆན་བཀོད་པའི་སྐོར་གྱི་གྲོས་ཆོད། 《2020ལོའི་དཔལ་འབྱོར་ལས་དོན་གྱི་ལས་འགན་དང་“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”འཆར་འགོད་རྩ་གནད་ཀྱི་དམིགས་ཚད་ཁག་ཅིག་ལེགས་སྒྲིག་བྱས་པའི་སྐོར་གྱི་སྙན་ཞུ》ལ་ཆོག་མཆན་བཀོད་པའི་སྐོར་གྱི་གྲོས་ཆོད། མཚོ་སྔོན་ཞིང་ཆེན་གྱི2019ལོའི་ཞིང་ཆེན་རིམ་པའི་ནོར་སྲིད་ངེས་རྩིས་ལ་ཆོག་མཆན་བཀོད་པའི་སྐོར་གྱི་གྲོས་ཆོད། 《མཚོ་སྔོན་ཞིང་ཆེན་གྱི་ཐོན་ཁུངས་དཔྱ་ཁྲལ་གྱི་དཔྱ་ཁྲལ་རྣམ་གྲངས་ཁྲལ་ཚད་དང་གཟིགས་སྐྱོང་སྲིད་ཇུས་ཀྱི་ལག་བསྟར་ཇུས་གཞི》ལ་ཆོག་མཆན་བཀོད་པའི་ཐག་གཅོད། མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་ཁག་གཅིག་གི་འཐུས་མིའི་ཐོབ་ཐང་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུ་བཅས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་། 

ཚོགས་འདུའི་ཐོག་འབྲེལ་ཡོད་མི་དོན་དོན་དག་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་། ཝུན་གོ་ཏུང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པར་བསྐོ་རྒྱུ་ཐག་བཅད། ལིའུ་ཉིང་གི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གི་གོ་གནས་དགོངས་ཞུའི་རེ་ཞུ་དང་ལེན་བྱས་ཏེ་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་ལ་སྙན་ཐོ་སྤྲོད་རྒྱུ་ཐག་བཅད། ཡན་ཅིན་ཧའེ་ཡི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པའི་གོ་གནས་དགོངས་ཞུའི་འདུན་ཞུ་དང་ལེན་བྱས་ཏེ་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་ལ་སྙན་ཐོ་སྤྲོད་རྒྱུ་ཐག་བཅད། 

ཚོགས་འདུའི་ཐོག་རྩ་ཁྲིམས་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།