མདོ་ལ་རི་བོའི་མཛེས་བ་སྟོང་གི་པར་རིས་འབྲི།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་དེ་མདོ་ལ་རི་བོའི་ལྷོ་འདབས་སུ་ཆགས་ལ། དེེར་རི་མཐོ་ཞིང་ས་ཡངས་ལ། རྩྭ་ཆུ་འཛོམས་ཤིང་ནགས་ཚལ་སྟུག གངས་དང་འཁྱག་རུམ་མུ་འཁྱུད་དུ་ཆགས་པས་“སུམ་རྩེན་མདོ་ལའི”མཚན་སྙན་ལྡན།

ཉེ་བའི་ལོ་འགའི་རིང་ས་གནས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་གི་ཉེན་གནས་སྲུང་ཞིང་ཁོར་ཡུལ་སྤུས་ཚད་ཀྱི་མཐའ་ཚད་བརྩིས་ནས་སྐྱེ་ཁམས་སླར་གསོ་ལ་ཕན་འབྲས་མངོན་གསལ་ཐོབ་ཡོད།

བཅོས་སྐྱོང་བྱེད་ཤུགས་དང་མ་དངུལ་གཏོང་ཚད་ལ་ཤུགས་སྣོན་རྒྱབ་པ་དང་ཆབས་ཅིག མདོ་ལ་རྫོང་གི་སྐྱེ་ཁམས་ཁེ་སྤོགས་ཀྱང་མངོན་གྱིན་ཡོད།

རི་སྔོ་ཆུ་གཙང་སྲུང་ན་ད་གཟོད་གསེར་རི་དངུལ་རི་ཐོབ། མདོ་ལ་རྫོང་གི་སྐྱེ་ཁམས་ཀྱི་འཕོ་འགྱུར་དེས་མདོ་ལ་རི་བོའི་སྐྱེ་ཁམས་སྲུང་ཡོལ་ལ་སྲུང་སྐྱོབ་བྱས་པ་མ་ཟད། ས་གནས་དེ་གར་སྲུང་སྐྱོང་དང་འཕེལ་རྒྱས་མཉམ་གནས་ཀྱི་ལམ་བུ་ཞིག་ཀྱང་བཏོད་དེ། མི་དང་རང་བྱུང་ཁམས་འོས་མཐུན་མཉམ་གནས་ཀྱི་མཛེས་ལྡན་པར་རིས་ཤིག་བྲིས་ཡོད།

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།