ཧོང་ཀྲུང་རྫོང་ཧོང་ཀྲུང་ཆུས་སུ་བསྒྱུར་བ།

WechatIMG79.jpeg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས22ཉིན་གྱི་སྔ་དྲོར། ཧོང་ཀྲུང་རྫོང་ཆུས་སུ་བསྒྱུར་བའི་ཚོགས་ཆེན་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་རྫོང་དུ་བསྡུས་པ་དང་། ད་ནས་བཟུང་ཧོང་ཀྲུང་རྫོང་ནི་ཧོང་ཀྲུང་ཆུས་སུ་བསྒྱུར་བ་རེད། 

WechatIMG80.jpeg

མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱི་ཐིན་ཀྲང་ཧྲི་ཚུན་ཝུའུ་ཡིས《མཚོ་སྔོན་ཞིང་ཆེན་གྱིས་ཟི་ལིང་གྲོང་ཁྱེར་སྲིད་འཛིན་ས་ཁོངས་ཁག་གཅིག་ལེགས་སྒྲིག་བྱ་རྒྱུར་མོས་མཐུན་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཆན་བཀོད་བཀའ་ལན》ཁྱབ་བསྒྲགས་བྱས་རྗེས། ཟི་ལིང་གྲོང་ཁྱེར་གྱི་འགོ་ཁྲིད་གཙོ་བོས་ཀྲུང་གུང་ཧོང་ཀྲུང་ཁུལ་ཏང་ཨུ་དང་། ཁུལ་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ས་ཁུལ་སྲིད་གཞུང་། ས་ཁུལ་སྲིད་གྲོས་བཅས་ཀྱི་སྒོ་བྱང་བཀལ་བ་རེད། ཤེས་གསལ་བྱུང་བ་ལྟར་ན། 2019ལོའི་ཟླ11པར《མཚོ་སྔོན་ཞིང་ཆེན་གྱིས་ཟི་ལིང་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་ཁག་གཅིག་ལེགས་སྒྲིག་བྱ་རྒྱུར་མོས་མཐུན་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཆན་བཀོད་བཀའ་ལན》ནང་ཧོང་ཀྲུང་རྫོང་མེད་པ་བཟོ་རྒྱུའི་ཆོག་མཆན་དངོས་སུ་སྤྲད་ནས་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་བཙུགས། 2020ལོའི་ཟླ7པའི་ཚེས་16ཉིན་ཧོང་ཀྲུང་རྫོང་སྐབས་བཅུ་དྲུག་པའི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བདུན་པའི་སྟེང《ཧོང་ཀྲུང་རྫོང་གིས་ཆུས་བཙུགས་པའི་འབྲེལ་ཡོད་དོན་ཚན་ཕྱིར་འཐེན་བྱ་རྒྱུའི་སྐོར་གྱི་གཏན་འབེབས》ལ་གྲོས་འཆམ་བྱུང་བ་དང་།  ཧོང་ཀྲུང་རྫོང་རིམ་པའི་སྒྲིག་གཞི་མཇུག་འགྲིལ་ནས་ཧོང་ཀྲུང་ཁུལ་གྱི་དུས་རབས་སུ་སླེབས།

WechatIMG81.jpeg

ངོ་སྤྲོད་བྱས་པ་ལྟར་ན། ཧོང་ཀྲུང་རྫོང་ཆུས་སུ་བསྒྱུར་བ་དེས་ཧོང་ཀྲུང་གི་ཐོན་ཁུངས་ལེགས་ཆ་དང་ས་བབ་ཀྱི་ཆ་རྐྱེན་གང་ལེགས་སྤྱད་དེ་ཟི་ལིང་ས་ཁོངས་ལྟེ་བའི་གྲོང་ཁྱེར་གྱི་སྣེ་ཁྲིད་ནུས་པ་སྔར་བས་འདོན་སྤེལ་བྱ་རྒྱུར་ཕན་ཐོགས་ཡོད་པ་མ་ཟད། ཧོང་ཀྲུང་གི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་། བདེ་བླག་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། ཟི་ལིང་སྟོབས་ཆེར་གཏོང་བ་དང་། ཟི་ལིང་འཕེལ་རྒྱས་ཀྱི་འཐབ་ཇུས་རང་བཞིན་གྱི་བར་མཐོངས་རྒྱ་ཆེར་གཏོང་རྒྱུར་ཕན་ཐོགས་ཡོད་པ་དང་ཟི་ལིང་གི་སྲོག་ཤིང་འགྲན་རྩོད་ནུས་པ་སྔར་ལས་མཐོར་འདེགས་སུ་གཏོང་བ་བཅས་ལ་སྐུལ་འདེད་ཐོབ་ངེས།  །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།