མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་ཚོགས་འདུ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས22ཉིན། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པའམ་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་གིས་ཚོགས་འདུར་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གིས་འབྲུབ་འགོག་གནོད་འཚེ་འགོག་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་སྲུང་བྱ་རྒྱུ་དེ་ཨང་དང་པོར་བཞག་ནས། སྔར་ལས་ལྷག་པའི་སྒོ་ནས་ནུས་པ་ལྡན་པའི་བྱེད་ཐབས་སྤྱད་དེ་འབྲུབ་འགོག་གནོད་འཚེ་འགོག་པའི་ལས་དོན་ཁག་ཏན་ཏིག་ངང་བཟང་པོ་སྒྲུབ་དགོས་པར་བསྟན་པ་མ་ཟད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ནས་རང་ཞིང་གི་འབྲུབ་འགོག་གནོད་འཚེ་འགོག་པའི་ལས་དོན་བཟང་པོ་བསྒྲུབ་རྒྱུའི་ཐད་བཀོད་སྒྲིག་བཟང་པོ་བྱེད་དགོས་པར་བསྟན།  

ཚོགས་འདུའི་སྟེང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁེ་ལས་པའི་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱིས་ཚོང་རའི་བྱེད་པོའི་གསོན་ཤུགས་ལ་སྔར་བས་སྐུལ་སློང་དང་། ཁེ་ལས་པའི་སྙིང་སྟོབས་དར་སྤེལ་གཏོང་བ། སྔར་ལས་ལྷག་པའི་སྒོ་ནས་ཁེ་ལས་ཀྱི་ནུས་པ་འདོན་སྤེལ་བྱེད་པར་སྐུལ་འདེད་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་ཆེན་པོ་ཡོང་བ་མངོན་འགྱུར་ཡོང་བར་བླང་བྱ་ཁ་གསལ་བོ་བཏོན། འཕེལ་རྒྱས་ཀྱི་ཡིད་ཆེས་སྔར་བས་ཆེ་རུ་གཏོང་བ་དང་། དཀའ་ངལ་ཁྱད་བསད་ཀྱིས་ཁེ་ལས་ལ་ཕན་པའི་སྲིད་ཇུས་དོན་འཁྱོལ་བཟང་པོ་བྱས་ཏེ་བཅོས་བསྒྱུར་ལ་བརྟེན་ནས་ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བ་བྱེད་པ། སྲིད་ཇུས་ཀྱི་ཁ་ཕྱོགས་ལ་ཤུགས་རྒྱག་པ་བཅས་བྱས་ཏེ། ཚོང་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་སྐྲུན་པ་དང་། ཁེ་ལས་པས་སྙིང་རུས་ཆེན་པོས་ཡུན་རིང་པའི་ལས་རིགས་གཉེར་བར་རྒྱབ་སྐྱོར་བྱེད་དགོས་པར་བསྟན། །

ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱིས་དམངས་ཀྱིས་ལས་སྒོ་གསར་གཏོད་དང་ཀུན་གྱིས་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་བ་དང་། ས་གནས་སྲིད་གཞུང་གི་ཆེད་དམིགས་བུན་འཛིན་བེད་སྤྱོད་བཟང་པོ་གཏོང་བ་སོགས་ཀྱི་ཐད་ལ་བཀོད་སྒྲིག་བྱས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྔོན་རྩིས་བཅའ་ཁྲིམས་ཀྱི་ལག་བསྟར་སྲོལ་ཡིག(བཟོ་བཅོས་མ་ཟིན)》ལ་གྲོས་འཆམ་བྱུང་། སྲིད་ཇུས་གལ་ཆེན་དོན་འཁྱོལ་བཟང་པོ་བྱས་ནས། “བརྟན་ལྷིང་དྲུག”གི་ལས་དོན་ཏན་ཏིག་ངང་བཟང་པོ་བསྒྲུབ་ནས“འགན་ལེན་དྲུག”གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས། རིམས་ནད་ཀྱི་གནོད་འཚེ་དང་འཕེལ་རྒྱས་ཀྱི་ཁོར་ཡུག་གི་འགྱུར་ལྡོག་ལ་ཁ་གཏད་ནུས་ལྡན་བྱ་དགོས། སྔོན་ལ་སྡོད་དམངས་ཀྱི་ལས་ཞུགས་འགན་སྲུང་བྱེད་པའི་ལས་དོན་ལེགས་པོར་སྒྲུབ་པ་དང་། ཆེད་དམིགས་བུ་ལོན་འགྲེམ་སྤེལ་དང་བཀོལ་སྤྱོད་ཇེ་མགྱོགས་སུ་གཏོང་བ། སྔོན་རྩིས་སྐོར་གྱི་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག་ལག་བསྟར་བཟང་པོ་བཅས་བྱེད་དགོས་པར་བསྟན།

ཚོགས་འདུའི་སྟེང་འགན་འཁྲིའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་དང་། མཉམ་ལས་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་ཞིབ་ཅིང་ཕྲ་བ་དང་དོན་དངོས་དང་མཐུན་པའི་སྒོ་ནས་བདེ་འཇགས་དང་། སྣེ་ལེན། འགྲེམས་སྟོན་སོགས་ཀྱི་ལས་དོན་བཟང་པོ་སྒྲུབ་སྟེ། སྤུས་ཚད་མཐོ་བའི་སྒོ་ནས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་འཚོག་དགོས་པར་བསྟན།

ཚོགས་འདུའི་སྟེང་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།

ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི་ཝང་ལིས་མིང་དང་། དབྱང་ཧྥིན་ཁྲོན། ཝང་ཀྲིན་ཧྲིན། ཀྲང་ལིས། ལིའུ་ཐའོ། དབྱང་ཀྲི་ཝུན། ཝུན་གོ་ཏུང་། ཀྲང་ཧོང་ཡོན་བཅས་ཚོགས་འདུར་ཞུགས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།