མཚོ་སྔོན་རྐང་ཚའི་ཁོར་སྲུང་འོས་འགན་རུ་ཁག་གིས་རི་སྔོ་ཆུ་དྭངས་ཀྱི་ཆེད་དུ་ལོ་ངོ12ཡི་རིང་ལ་འབད་བརྩོན་བྱས།



ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ཡུག་དབུས་ལམ་ཤང་རྐང་ཚ་གོང་མ་སྡེ་བའི་ལྕགས་མཁར་རྒྱལ(གཡོན)དང་བསོད་ནམས་བསྟན་པ་གཉིས་ཀྱིས་རྩྭ་ཐང་གི་ཆུ་ཕྲན་འགྲམ་གྱི་གད་སྙིགས་འཐུ་བཞིན་འདུག 2008ལོར། སྡེ་བའི་ཀྲི་པུའུ་ཧྲུའུ་ཅིའི་རྒྱབ་སྐྱོར་འོག་པདྨ་བཀྲ་ཤིས་ཀྱིས་བསོད་ནམས་བསྟན་པ་དང་རིག་འཛིན་ཚེ་རིང་། ལྕགས་མཁར་རྒྱལ་གསུམ་དང་མཉམ་དུ་ཁོར་སྲུང་འོས་མགན་རུ་ཁག་བཙུགས་ཤིང་ད་བར་དུ་ལོ་ངོ12འགོར་ཡོད། ཁོ་ཚོས་གད་སྙིགས་གཙང་སྦྲའི་གོ་རིམ་ཁྲོད་འགོ་ཁུངས་ནས་གད་སྙིགས་ཇེ་ཉུང་དུ་གཏོང་བའི་རེ་བ་བཅངས་ཏེ་ཁོར་སྲུང་དྲིལ་བསྒྲགས་ཀྱང་བྱེད་ཀྱིན་ཡོད། “ད་ལྟ་རྩྭ་ཐང་སྟེང་གི་གད་སྙིགས་ཇེ་ཉུང་དུ་སོང་ནས་མཐོང་རྒྱུ་མེད་པར་གྱུར་ཡོད”ཅེས་རིག་འཛིན་ཚེ་རིང་གིས་དེ་ལྟར་བཤད་བཞིན་ཡོད།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།