རྒྱལ་ཡོངས་ནག་འཇོམས་ངན་སེལ་གཞུང་སྒྲུབ་ཁང་གི་མཚོ་སྔོན་ཆེད་མངག་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་མཚོ་ལྷོ་ཁུལ་དུ་སོང་ནས་ལྟ་སྐུལ་ཞིབ་བཤེར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས21ཉིན། རྒྱལ་ཡོངས་ནག་འཇོམས་ངན་སེལ་གཞུང་སྒྲུབ་ཁང་གི་མཚོ་སྔོན་ཆེད་མངག་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་ལྟ་སྐུལ་ཞིབ་བཤེར་བྱེད་པའི་སྙན་ཞུ་ཚོགས་འདུ་བསྡུས། ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གིས་མཚོ་ལྷོ་ཁུལ་གྱི་ནག་འཇོམས་ངན་སེལ་ཆེད་སྤྱོད་འཐབ་རྩོད་འགོ་ཁྲིད་ཚན་ཆུང་གིས་ཁུལ་ཡོངས་ཀྱི་ནག་འཇོམས་ངན་སེལ་ཆེད་སྤྱོད་འཐབ་རྩོད་ཀྱི་བྱ་བའི་གནས་ཚུལ་ཡར་ཞུར་ཉན།

ཐེངས་འདིའི་ལྟ་སྐུལ་ཞིབ་བཤེར་གྱི་ལས་འགན་ལེགས་འགྲུབ་བྱ་ཆེད། ཟླ7པའི་ཚེས15ཉིན་ནས་ཚེས17ཉིན་བར། ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གིས་གསོ་སྦྱོང་དང་། གཅིག་བསྡུས་སྒོས་རྒྱལ་ཡོངས་ནག་འཇོམས་ངན་སེལ་གཞུང་སྒྲུབ་ཁང་དང་མཚོ་སྔོན་ཞིང་ཆེན་ནག་འཇོམས་ངན་སེལ་ཆེད་སྤྱོད་འཐབ་རྩོད་འགོ་ཁྲིད་ཚན་ཆུང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་ལ་སློབ་སྦྱོང་དང་། ལྟ་སྐུལ་མཛུབ་སྟོན་བྱ་བའི་བྱ་ཐབས་དང་དེ་མིན་ལྟ་སྐུལ་མཛུབ་སྟོན་བྱ་ཐབས་དང་བྱ་བའི་བཀོད་སྒྲིག་ལ་ཞིབ་འཇུག་བྱས་པ་མ་ཟད། ལས་བགོས་དང་འགན་འཁྲི་གསལ་བོ་བྱས་ཤིང་། བཞུགས་མོལ་ཚོགས་འདུ་བསྡུས་ནས་མཚོ་སྔོན་ཞིང་ཆེན་གྱི་ནག་འཇོམས་ངན་སེལ་གཞུང་སྒྲུབ་ཁང་གིས་ཞིང་ཆེན་ཡོངས་ཀྱི་ནག་འཇོམས་ངན་སེལ་ཆེད་སྤྱོད་འཐབ་རྩོད་བྱ་བའི་སྤྱིའི་གནས་ཚུལ་ཡར་ཞུ་བྱས་པ་དང་། གཙང་སེལ་དྲུག་གི་བྱ་འགུལ་གནད་དོན་སྐོར་ནས་བཞུགས་མོལ་བརྗེ་རེས་བྱས། 

སྙན་ཞུ་ཚོགས་འདུའི་སྟེང་། ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གིས་རྒྱལ་ཡོངས་ནག་འཇོམས་ངན་སེལ་གཞུང་སྒྲུབ་ཁང་གི་བཀོད་སྒྲིག་དང་བླང་བྱ་ལྟར། འགན་འཁྲིའི་འདུ་ཤེས་དང་ཕྲག་ཏུ་ལེན་པའི་སྙིང་སྟོབས་ཇེ་དྲག་ཏུ་བཏང་ནས། འགན་ནུས་ལག་བསྟར་དང་། ཞིབ་འཇུག་ཟབ་མོ་བྱས་ཏེ། དོན་དངོས་དམ་འཛིན་དང་ལྟ་སྐུལ་མཛུབ་སྟོན་གྱི་གནད་དོན་ཐག་གཅོད་སྟེང་ཤུགས་བསྣན་ནས་ཕན་འབྲས་ཐོབ་པར་བྱེད་དགོས། རེ་བར་མཚོ་ལྷོ་ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་གཅིག་བསྡུས་མཐུན་འགྲིག་དང་། དུས་ཐོག་ཏུ་འབྲེལ་འདྲིས་དང་ཆེད་མངག་ལྟ་སྐུལ་མཛུབ་སྟོན་བྱ་བར་རྒྱབ་སྐྱོར།དེ་མིན་ལྟ་སྐུལ་མཛུབ་སྟོན་དང་མཉམ་དུ་རྒྱལ་ཡོངས་ནག་འཇོམས་ངན་སེལ་གཞུང་སྒྲུབ་ཁང་གིས་སྤྲད་པའི་ཆེད་དོན་འཐབ་རྩོད་ལས་འགན་ལེགས་འགྲུབ་ཡོང་དགོས་པར་བསྟན། 

བཀོད་སྒྲིག་ལྟར། ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གིས་ཚན་ཆུང་གཉིས་སུ་བགོས་ཏེ་བྱ་བ་སྒྲུབ་རྒྱུ་ཡིན་པ་དང་། ཚན་ཆུང་དང་པོས་གྱོད་དོན་དཔྱད་ཞིབ་དང་། ཁུངས་སྣེ་གལ་ཆེན་དང་འབྲེལ་ཡོད་རྒྱུ་ཆར་ཞིབ་བཤེར་བྱེད་པ་དང་། ཚན་ཆུང་ཅིག་ཤོས་མཚོ་ལྷོ་ཁུལ་གྱི་འབྲེལ་ཡོད་ལས་ཁུངས་ཀྱི་ལྟ་སྐུལ་མཛུབ་སྟོན་ལས་རིགས་ཁྱབ་ཁོངས་ཀྱི་ནག་འཇོམས་དང་འབྲེལ་བ་ཡོད་པའི་འབུར་ཐོན་གནད་དོན་དག་ཐེར་གནས་ཚུལ་ལྟ་སྐུལ་བྱེད་པ་དང་། དུས་མཚུངས་སུ་རྫོང1བདམས་ནས་ནག་འཇོམས་ངན་སེལ་ཆེད་སྤྱོད་འཐབ་རྩོད་སྤེལ་བའི་གནས་ཚུལ་དང་ལས་རིགས་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་དག་ཐེར་གནས་ཚུལ་ལ་རྒྱུས་ལོན་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།