ད་ལོའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྟེང་ཟི་ལིང་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར146.1ལྷག་གི་རྣམ་གྲངས་ལ་མིང་རྟགས་འགོད་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས21ཉིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་གྱི་བཟོ་ལས་དང་ཆ་འཕྲིན་ཅན་ཅུའུ་ནས་ཤེས་གསལ་བྱུང་བ་ལྟར་ན། ད་ལོའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་སྐབས་སུ། ཟི་ལིང་གྲོང་ཁྱེར་གྱིས་བྱ་འགུལ་ཁ་ཤས་ལ་འགན་བླངས་པ་ལས་གཞན། ད་ལྟ་གདན་འདྲེན་བྱས་པའི་ཚོང་མགྲོན་མི676གཏན་འཁེལ་བྱས་ཤིང་། རྣམ་གྲངས་སྣ18ལ་མིང་རྟགས་འགོད་པར་གཏན་འཁེལ་བྱས་པ་དང་། མིང་རྟགས་འགོད་པའི་མ་དངུལ་སྒོར་དུང་ཕྱུར164.1ཡིན། དུས་མཚུངས་སུ། དྲ་སྟེང་གི་མིང་རྟགས་འགོད་པའི་རྣམ་གྲངས་ཁ་ཤས་ཕལ་ཆེར་གཏན་འཁེལ་བྱས་པ་རེད།

མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་སྐབས་སུ། ཟི་ལིང་གྲོང་ཁྱེར་གྱིས་འགན་སྒྲུབ་གདན་འདྲེན་དང་ཚོང་འགུག་འོས་སྦྱོར་ཆེད་སྤྱོད་བྱ་འགུལ་དང་། གཙོ་གནད་མཉམ་ལས་ལས་གཞིའི་ཞིང་ཆེན་རིམ་པའི་གཅིག་བསྡུས་ཐོ་འགོད་ལས་གཞི་སྣ་གསུམ་ཡོད་ཅིང་། རོགས་སྒྲུབ་བྱས་པའི་ཞིང་ཆེན་ཕྱིའི་མཚོ་སྔོན་གྱི་ཆེད་དོན་དངུལ་གཏོང་སྐུལ་སྤེལ་ཁྱབ་སྒྲོག་ཚོགས་འདུའི་དཔལ་འབྱོར་འཕེལ་རྒྱས་བགྲོ་གླེང་ཚོགས་འདུ་དང་། ཀྲུང་གོའི་མཚོ་སྔོན་ལིའི་ཐོན་ལས་དང་སྒུལ་ཤུགས་གློག་གཡིས་མཐོ་རིམ་གླེང་སྟེགས་དང་། སྐབས་བདུན་པའི་མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་འགྲན་བསྡུར་གྱི་འགོ་རྩོམ་མཛད་སྒོ། མཐོ་སྒང་ཁྱད་ལྡན་དེང་རབས་ཕྱུགས་ལས་འཕེལ་རྒྱས་གླེང་སྟེགས། ཚོགས་ཆེན་མཇུག་སྒྲིལ་ཚོགས་འདུ་དང་སྐབས་བདུན་པའི་མཚོ་སྐོར་གློག་སྒུལ་རླངས་འཁོར་གྱི་གཟེངས་རྟགས་སྟེར་བའི་མཛད་སྒོ་བཅས་སྣ6དང་། འགོ་རྩོམ་མཛད་སྒོའི་བྱ་འགུལ་རབ་དང་རིམ་པ་དང་། འགོ་རྩོམ་མཛད་སྒོའི་བརྗོད་དོན་གླེང་སྟེགས། འགྲེམ་ཁང་དང་འགྲེམ་ཁང་སྐོར་ཞིབ་བྱ་འགུལ་སྣ3ཁྲོད་ཞུགས་རྒྱུ་རེད།

ད་ལྟའི་བར་དུ། ཟི་ལིང་གྲོང་ཁྱེར་གྱིས་རྣམ་གྲངས་སྣ18ལ་མིང་རྟགས་འགོར་རྒྱུར་གཏན་འཁེལ་བྱས་པ་དང་། མིང་རྟགས་འགོད་པའི་མ་དངུལ་སྒོར་དུང་ཕྱུར146.1ཡིན་པ་རེད། དེའི་ཁྲོད་བཟོ་ལས་རིགས་ཀྱི་སྣ་4དང་། ཉོ་ཚོང་རིགས་ཀྱི་སྣ1། ས་ཁང་རིགས་ཀྱི་སྣ8ཡོད། ཟི་ལིང་གྲོང་ཁྱེར་གྱིས་མཚོ་བོད་མཐོ་སྒང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་ནས་ནག་ལས་བསྣོན་ལས་གཞི་དེ་དྲ་རྒྱའི་སྟེང་མིང་རྟགས་འགོད་པར་གཏན་འཁེལ་བྱས་ཟིན།

དུས་མཚུངས་སུ། ཟི་ལིང་གྲོང་ཁྱེར་གྱིས་ཟླ7པའི་ཚེས24ཉིན་སྤེལ་བའི2020ལོའི་གྲོང་ཁྱེར་ཚོང་གཏམ་གྲོས་ཚོགས་འཚོགས་རྒྱུ་ཡིན་པ་དང་། བརྗོད་དོན་གླེང་སྟེགས་ཀྱི་བྱ་ཐབས་ཐོག་མའི་གཏན་འཁེལ་བྱས་ཟིན་པ་དང་། ཆེད་མཁས་པ་མི་གསུམ་གདན་དྲངས་ནས། བཙོག་མེད་གྲོང་ཁྱེར་དང་མཚོ་བོད་མཐོ་སྒང་། དེ་མིན་ཟི་ལིང་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་བརྗོད་དོན་དུ་བྱས་ཏེ་དྲ་ཐོག་ནས་གཏམ་བཤད་སྤེལ་རྒྱུ་ཡིན་ལ། རྨ་ཆུའི་འབབ་རྒྱུད་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའིི་འཕེལ་རྒྱས་དེ་ཡུལ་དངོས་ནས་གཏམ་བཤད་སྤེལ་རྒྱུ་རེད།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།