མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལོ་སྟོད་ཀྱི་བཟོ་ལས་དཔལ་འབྱོར་འཁོར་རྒྱུག་དང་དངུལ་རྩའི་དུས་བབ་ཀྱི་དབྱེ་ཞིབ་ཚོགས་འདུ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ལོ་སྟོད་ཀྱི་བཟོ་ལས་དཔལ་འབྱོར་འཁོར་རྒྱུག་དང་དངུལ་རྩའི་གནས་བབ་དབྱེ་ཞིབ་ཚོགས་འདུ་འཚོགས་ནས་ལོ་སྟོད་ཀྱི་བྱ་བའི་གནས་ཚུལ་ཕྱོགས་སྡོམ་བྱས་པ་དང་། མིག་སྔའི་དུས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་གཅོད་པ་དང་ལོ་སྨད་ཀྱི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་པ་རེད། ཧྲིན་ཀྲང་གཞོན་པ་ཝང་ལིས་མིང་གིས་ཚོགས་འདུར་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་སྟེང་ད་ལོ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་བཟོ་ལས་དང་དངུལ་རྩའི་མ་ལག་གིས་པྲོག་གསར་གློ་ཚད་རིམས་ནད་དང་དཔལ་འབྱོར་བསྟུད་མར་མར་ཆག་པ་ལས་བྱུང་བའི་གནོད་རྐྱེན་ལ་ཁ་གཏད་དེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱས་ཏེ། “བརྟན་ལྷིང་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ་དང་“འགན་སྲུང་དྲུག”གི་ལས་འགན་དོན་འཁྱོལ་བྱ་རྒྱུར་དམིགས་ནས། བྱེད་ཐབས་ནུས་ལྡན་སྤྱད་དེ་ཧུར་ཐག་གིས་གནད་དོན་ཐག་གཅོད་བྱས་པ་དང་། “བརྟན་འཇགས”ཀྱི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་ཕྱིན་ལ། “འགན་སྲུང”གི་མཐའ་ཚད་སྔར་བས་ཇེ་བརྟན་དུ་ཕྱིན། “ཡར་རྒྱས”ཀྱི་འགུལ་ནུས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ནས་ཞིང་ཆེན་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་འཁོར་རྒྱུག་དང་དངུལ་རྩའི་དུས་བབ་ལ་རྣམ་པ་བཟང་པོ་ཐོན་ཡོད་པའི་ངོས་འཛིན་གནང་།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ད་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ཐུབ་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་མཇུག་བསྡུ་བའི་ལོ་ཞིག་དང་དབུལ་ཐར་འགག་སྒྲོལ་གྱི་རྒྱལ་ཁར་ཕུ་ཐག་གཅོད་པའི་ལོ་ཞིག་ཡིན་པས། ལོ་སྨད་ཀྱི་བཟོ་ལས་དཔལ་འབྱོར་དང་དངུལ་རྩའི་ཞབས་ཞུའི་ལས་དོན་བཟང་པོ་བསྒྲུབ་རྒྱུ་ནི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་སྤྱི་ཡོངས་དང་འབྲེལ་བ་ཡོད། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག དངུལ་རྩའི་ལས་ཁུངས་ཁག་གིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཀྱི་བཀོད་སྒྲིག་གི་བླང་བྱ་ནན་གྱིས་དོན་འཁྱོལ་བྱེད་པ། “མིག་སྔའི་དུས་བབ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་འཇུག་བརྡར་གཅོད་བྱེད་པ། བཟོ་ལས་ཀྱི་རྣམ་གྲངས་མ་འཇོག་ལ་ཤུགས་སྣོན་པ། ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། དངུལ་རྩའི་འགན་ལེན་འདེགས་སྐྱོར་ལ་ཤུགས་སྣོན་པ། ཉེན་ཁ་སྣ་ཚོགས་སྔོན་འགོག་དང་སེལ་ཐབས་བྱེད་པ”བཅས་ཀྱི་བྱ་བའི་བྱ་ཐབས་རབ་དང་རིམ་པ་སྤེལ་བ་བརྒྱུད། ནུས་ཤུགས་ཡོད་རྒུས་“འགན་སྲུང་”གི་མཐའ་ཚད་ཇེ་བརྟན་དུ་གཏོང་དགོས་པ་མ་ཟད། “བརྟན་འཇགས་”ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། “མདུན་སྐྱོད་”ཀྱི་ཁ་ཕྱོགས་རྒྱ་སྐྱེད་གཏོང་དགོས། ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་ཡོང་བར་འགན་ལེན་ཏན་ཏིག་དང་། ཞིང་ཆེན་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་དང་དངུལ་རྩའི་གནས་བབ་ཀྱི་འཕེལ་ཕྱོགས་བཟང་པོ་བརྟན་འཇགས་ཡོང་བ་བྱ་དགོས་ཤིང་། དབུལ་ཐར་འགག་སྒྲོལ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་ལེགས་འགྲུབ་ཡོང་བའི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས་པར་བསྟན། ། 

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།