མཚོ་ནུབ་ཁུལ་གྱི་མཚོ་སྔོན་ཁ་གཏད་རོགས་སྐྱོར་འབྲེལ་གཏུགས་ཞབས་ཞུའི་ས་ཚིགས་ཧང་ཀྲོའུ་ནས་བཙུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས་13ཉིན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་མཚོ་སྔོན་རོགས་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པའི་འབྲེལ་གཏུགས་ཞབས་ཞུའི་ས་ཚིགས་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་དུ་དངོས་སུ་སྒོ་བྱང་བཀལ་བ་རེད།

ཉེ་བའི་ལོ་ཤས་རིང་མཚོ་སྔོན་རོགས་སྐྱོར་བྱེད་པའི་རྣམ་གྲངས་སྐོར་ཞིག་མཚོ་ནུབ་ཏུ་དངོས་འབེབས་བྱས་པ་དང་། ཐོན་ལས་རེ་རེ་མཚོ་ནུབ་ཏུ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བར་ཀྲེ་ཅང་གི་མཚོ་སྔོན་རོགས་སྐྱོར་ལས་བྱེད་པས་འབད་བརྩོན་བྱས་པ་དང་ཁ་འབྲལ་ཐབས་མེད། ཀྲེ་ཅང་གི་རྒྱ་ཆེའི་མཚོ་སྔོན་རོགས་སྐྱོར་ལས་བྱེད་པས་མཚོ་ནུབ་ཕ་ཡུལ་དུ་བརྩིས་པ་དང་། མཚོ་ནུབ་ཀྱི་མི་རིགས་སོ་སོའི་མང་ཚོགས་གཉེན་ཉེར་བརྩིས་ནས་འབྱོར་ཕྱུག་ལྡན་པ་དང་དཔལ་ཡོན་ལྡན་པའི་དེང་རབས་ཅན་གྱི་རང་སྐྱོང་ཁུལ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་བློ་གྲོས་དང་སྟོབས་ཤུགས་ཕུལ་ཡོད། ཐེངས་འདིར་བཙུགས་པའི“མཚོ་ནུབ་ཁུལ་གྱི་མཚོ་སྔོན་རོགས་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་འབྲེལ་གཏུགས་ཞབས་ཞུའི་ས་ཚིགས”ཀྱི་དམིགས་ཡུལ་ནི་རྒྱ་ཆེའི་མཚོ་སྔོན་རོགས་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་བར་འབྲེལ་བ་ཇེ་ཟབ་དང་མཚོ་ནུབ་འཕེལ་རྒྱས་ལ་དོ་ཁུར་བྱེད་པའི་ཀྲེ་ཅང་གི་ལས་རིགས་སོ་སོའི་གྲོགས་པོ་དང་འབྲེལ་བ་དམ་ཟབ་བྱ་རྒྱུ་དེ་ཡིན་པ་ལ། ཞབས་ཞུའི་ས་ཚིགས་ཀྱི་སྟེགས་བུར་བརྟེན་ནས་མཚོ་སྔོན་རོགས་སྐྱོར་ལས་བྱེད་པ་ཡོངས་ཀྱི་ཟམ་པ་དང་སྒྲོག་ཐག་ལྟ་བུའི་ནུས་པ་མུ་མཐུད་དུ་འདོན་སྤེལ་བྱས་ཏེ་ས་གནས་གཉིས་བར་གྱི་སྤེལ་རེས་དང་མཉམ་ལས་ལ་སྔར་ལས་སྐུལ་འདེད་གཏོང་རྒྱུ་རེད། ། 

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།