མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་གྲོས་ཚོགས་ཐེངས་བཅུ་གསུམ་པ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་གྲོས་ཚོགས་ཐེངས་བཅུ་གསུམ་པ་འཚོགས་ཏེ། ཞིང་ཆེན་ཏང་ཨུའི་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་བརྒྱུད་སྒྲོག་བྱས་པ་དང་། “རྨ་ཆུའི་མཚོ་སྔོན་འབབ་རྒྱུད་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས”དང་འབྲེལ་ནས་གྲོས་མོལ་བྱས།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་འགོ་རྩོམ་ཚོགས་འདུར་འགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་མགོན་པོ་བཀྲ་ཤིས་དང་། ཧྲིན་ཀྲང་གཞོན་པ་ཝང་ལིས་མིན་ཚོགས་འདུར་གདན་འདྲེན་ཞུས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་། ཀྲང་ཧྲིག་ཁྲིན། ཏུའུ་ཅའེ། མ་ཧའེ་དབྱིན། ཝང་ཞོན། དེ་མིན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི57གྲོས་ཚོགས་སུ་ཞུགས། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་མ་ཀྲི་ཝའེ་ཟུར་ཞུགས་བྱས།

རྡོ་རྗེ་རབ་བརྟན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་ལ་ངེས་ཤེས་ཟབ་མོ་ཡོད་པར་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་བསམ་བློའི་རང་འགུལ་དང་བྱེད་སྟངས་རང་འགུལ་དོན་འཁྱོལ་བྱས་ནས། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་བྱ་བ་མུ་མཐུད་དུ་རྣམ་པ་གསར་སྐྲུན་བྱེད་པར་སྐུལ་འདེད་བྱེད་དགོས། ཁོས་ནན་གྱིས་བསྟན་དོན། ཞིང་ཆེན་སྲིད་གྲོས་ཀྱིས་ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། རྨ་ཆུའི་མཚོ་སྔོན་འབབ་རྒྱུད་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འབྲེལ་ནས་སྲིད་གླེང་གྲོས་མོལ་བྱེད་པ་ནི། ཞིང་ཆེན་སྲིད་གྲོས་ཀྱིས་ཞིང་ཆེན་ཏང་ཨུའི་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་དོན་འཁྱོལ་བྱེད་པའི་གོ་རིམ་གལ་ཆེན་ཞིག་ཡིན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཨུ་ཡོན་གྱིས་འཕེལ་རྒྱས་ཀྱི་སྤྱི་ཁྱོན་ལ་འབྲེལ་ནས། བྱེད་སྟངས་རང་འགུལ་དང་། ཧུར་ཐག་གིས་རྨ་ཆུའི་འབབ་རྒྱུད་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱས་ཏེ། རྨ་ཆུའི་མཚོ་སྔོན་སྟོབས་ཤུགས་སྲུང་སྐྱོབ་ལེགས་པོ་བྱེད་དགོས་ཞེས་བསྟན།

ཝང་ལིས་མིན་གྱིས་ཆེད་དོན་སྙན་ཞུ་ཕུལ་བ་དང་། ཨུ་ཡོན་གྱི་གཏམ་བཤད་ལ་ཉན། ཁོས་བསྟན་དོན། མཚོ་སྔོན་གྱིས་རྨ་ཆུའི་འབབ་རྒྱུད་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་སྤྱིའི་འཆར་འགོད་དང་དམ་འབྲེལ་བྱས་ནས། ཚེ་སྲོག་གི་རྨ་ཆུ་དང་། སྐྱེ་ཁམས་རྨ་ཆུ། བདེ་སྐྱིད་ཀྱི་རྨ་ཆུ། མཚར་སྡུག་གི་རྨ་ཆུ་གསར་སྐྲུན་བྱེད་པ། ཧུར་ཐག་གིས་རྨ་ཆུའི་མཚོ་སྔོན་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་སྐྲུན་བྱེད་དགོས་ཞེས་བསྟན་པ་དང་། སྲིད་གྲོས་ཀྱིས་དགེ་མཚན་འདོན་སྤེལ་དང་། སྐྱེ་ཁམས་སྲུང་སྐྱོབ་བཟོ་སྐྲུན་འཛུགས་སྐྲུན་སོགས་དང་འབྲེལ་ནས་གནད་དོན་ཆེ་གྲས་ཐད་བསམ་འཆར་འདོན་པ་དང་། ཐུན་མོང་གིས་རྨ་ཆུའི་མཚོ་སྔོན་འབབ་རྒྱུད་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།

ཀྲང་ཧྲིག་ཁྲིན་གྱིས་ཞིང་ཆེན་ཏང་ཨུའི་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས། ཏུའུ་ཅའེ་ཡིས་རྨ་ཆུའི་མཚོ་སྔོན་འབབ་རྒྱུད་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྟོག་ཞིབ་གནས་ཚུལ་གྱི་སྙན་ཞུ་ཕུལ། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།