མཚོ་སྔོན་ཞིང་ཆེན་གྱི“3·06”རྩ་ཆེའི་སྲོག་ཆགས་ཀྱི་ཐོན་རྫས་ལྐོག་ཚོང་གྱོད་གཞི་ལ་ཁྲིམས་ཐག་བཅད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས14ཉིན། ཟི་ལིང་སྒོ་ཁྲལ་ནག་ཚོང་འཛིན་བཟུང་ཅུས་ཀྱིས་ཐོ་འགོད་དང་མྱུལ་ཞིབ་བྱས་པའི“3·06”རྩ་ཆེའི་སྲོག་ཆགས་ཀྱི་ཐོན་རྫས་ལྐོག་ཚོང་གྱོད་གཞི་དེ་ཟི་ལིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་འདྲི་གཅོད་དང་པོའི་ཁྲིམས་ར་འཚོགས་ནས་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་རེད། ཞུ་སྦྱོར་ཕྱི་མ་མཱ་ཆེ་གེ་མོ་དང་ཧུའུ་ཆེ་གེ་མོས་རྩ་ཆེའི་སྲོག་ཆགས་ཀྱི་ཐོན་རྫས་ལྐོག་ཚོང་བྱས་པའི་ཉེས་པ་བསགས་པས་སོ་སོར་དུས་བཀག་བཙོན་འཇུག་ལོ12དང11བྱས་པ་རེད། དངུལ་ཆད་སྒོར་ཁྲི63(མི་དམངས་ཤོག་སྒོར)དང་སྒོར་ཁྲི20བཅད། གསལ་འབྱེད་བྱས་པ་བརྒྱུད། གྱོད་གཞི་དེའི་རིན་ཐང་སྒོར་ཁྲི390ལྷག་ཙམ་ཟིན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་སྔོན་བྱུང་གྱོད་གཞིའི་ཁྲོད། རྩ་ཆེའི་སྲོག་ཆགས་ཐོན་རྫས་གཞུང་བཞེས་བྱས་པའི་གྲངས་འབོར་ཆེས་མང་ཤོས་ཡིན་པ་རེད།

点击进入下一页

ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོར། ཟི་ལིང་སྒོ་ཁྲལ་ནག་ཚོང་འཛིན་བཟུང་ཅུས་ཀྱི་ཆེད་དོན་གྱོད་དོན་ཚོགས་ཆུང་གིས་ལྷ་ས་དང་ཀྲེང་ཀྲོའུ། ནན་ཉིང་བཅས་ཀྱི་སྒོ་ཁྲལ་ནག་ཚོང་འཛིན་བཟུང་ཅུས་དང་དེ་བཞིན་ས་གནས་གསུམ་གྱི་སྤྱི་བདེ་ལས་ཁུངས་ཀྱི་གཞོགས་འདེགས་འོག་འགུལ་སྐྱོད་ཚོགས་ཆུང4བཙུགས་ནས་མཚོ་སྔོན་དང་བོད་ལྗོངས། ཧོ་ནན། ཀོང་ཤིས་སོགས་སུ་འགུལ་སྐྱོད་བྱས་པ་རེད། མི་དང་བརྐུས་རྫས་གཉིས་ཀ་རེག་པ་དང་དོགས་ཡོད་ཉེས་ཅན2འཛིན་བཟུང་བྱས། བ་སོ་དང་སྟག་ལྤགས་སོགས་འཇིག་ལ་ཉེ་བའི་སྲོག་ཆགས་ཀྱི་ཐོན་རྫས་ཁག་གཅིག་རྩད་ཆོད་པ་རེད།

ཟི་ལིང་སྒོ་ཁྲལ་ནག་ཚོང་འཛིན་བཟུང་ཅུས་ཀྱི་ཅུས་ཀྲང་གཞོན་པ་སུན་ཤང་ཏུང་གིས་ངོ་སྤྲོད་བྱས་པ་ལྟར་ན། བ་སོ་སོགས་འཇིག་ལ་ཉེ་བའི་སྲོག་ཆགས་ཀྱི་ཐོན་རྫས་ལྐོག་ཚོང་གི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་ཆེད་ནག་ཚོང་འཛིན་བཟུང་སྡེ་ཚན་གྱིས་དམིགས་ཡུལ་ཡོད་པའི་སྒོ་ནས་གསང་འཕྲིན་གྱི་ཁུངས་སྣེ་མཐིལ་རྟོགས་དང་ཉེན་ཁར་དབྱེ་ཞིབ་བརྡར་གཅོད་བྱས་པ་བརྒྱུད། མཱ་ཆེ་གེ་མོ་དང་ཧུའུ་ཆེ་གེ་མོས་གཙོ་བྱས་པའི་ལྐོག་འདྲེན་ཚོགས་པ་རིམ་བཞིན་རྩད་ཆོད། མྱུལ་ཞིབ་གཞུང་དོན་ཁང་གིས2019ལོའི་ཟླ3ཚེས6ཉིན་གྱོད་དོན་ཐོ་འགོད་མྱུལ་ཞིབ་བྱས་པ་རེད།

点击进入下一页

གྱོད་དོན་དེ་མྱུལ་ཞིབ་བྱས་ནས་རྩད་ཆོད་གསལ་བོ་བྱུང་། 2018ལོའི་ཟླ3པ་ནས2019ལོའི་ཟླ3པའི་བར་དོགས་ཡོད་ཉེས་ཅན་མཱ་ཆེ་གེ་མོ་དང་ཧུའུ་ཆེ་གེ་མོས་སྒོ་ཁྲལ་ལྟ་སྐུལ་དོ་དམ་ལས་གཡོལ་བ་དང་། ཕྱིར་གཏོང་ནང་འདྲེན་བཀག་སྡོམ་བྱས་པའི་བ་སོ་སོགས་རྩ་ཆེའི་སྲོག་ཆགས་ཀྱི་ཐོན་རྫས་རྒྱལ་ནང་དུ་ལྐོག་འདྲེན་བྱས་པ་རེད།

སུན་ཤང་ཏུང་གིས“གྱོད་གཞི་དེ་མྱུལ་ཞིབ་བྱས་ནས་རྩད་ཆོད་པ་དེས་བ་སོ་སོགས་འཇིག་ལ་ཉེ་བའི་སྲོག་ཆགས་ཀྱི་ཐོན་རྫས་ལྐོག་ཚོང་བྱེད་པའི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ནུས་ལྡན་དང་འཇིགས་སྣང་བསྐྱེད་ཡོད་ཅེས་བཤད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།