ཀྲང་ལིས་ཡིས་མགོ་ལོག་ཁུལ་དུ་བརྟག་ཞིབ་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས7ཉིན་ནས་ཚེས10ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀྲང་ལིས་ཡིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་གཅིག་སྒྲིལ་རྫོང་དང་། པད་མ་རྫོང་། དར་ལག་རྫོང་། དགའ་བདེ་རྫོང་། རྨ་ཆེན་རྫོང་སོགས་སུ་ཚན་རྩལ་རླུང་འཕྲིན་བརྙན་འཕྲིན་ཚན་རྩལ་ཁྱབ་གདལ་ལས་དོན་ལ་བརྟག་ཞིབ་གནང་བ་རེད། ཁོང་གིས་བསྟན་དོན་དབུལ་ཐར་འགག་སྒྲོལ་བྱ་བ་དོན་འཁྱོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ལེན་པར་དམིགས་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་དང་ཧྲུའུ་ཅི་ཝང་ཅན་ཅོན་གྱིས་བཏོན་པའི་མགོ་ལོག་གི་བྱ་བའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་དང་། དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་གཏོང་བ་དང་སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་དུས་རབས་གསར་པ་དང་མགོ་ལོག་གསར་པ་འཛུགས་བསྐྲུན་བྱེད་པར་རམ་འདེགས་བྱེད་དགོས་པར་བསྟན།

ཞིང་འབྲོག་ལས་དཔེ་སྟོན་ཁུལ་དང་། ཚན་རྩལ་ཅན་གྱི་ཁེ་ལས། གཞི་རིམ་སྡེ་ཁུལ་བཅས་སུ་བསྐྱོད་ནས། ཀྲང་ལི་ཡིས་ཚན་རྩལ་དཔེ་སྟོན་དང་། ཚན་རྩལ་ཞིབ་འཇུག་གསར་སྤེལ་དང་གསར་གཏོད། ཚན་རྩལ་སློབ་གསོ་ཁྱབ་གདལ། འཕྲལ་སྡོམ་རླུང་འཕྲིན་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་ཞིབ་ཕྲའི་རྒྱུས་ལོན་གནང་བ་དང་། 《དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་ཀྱི་རྩ་གནད》ཀྱི་དམིགས་ཚད་ལས་འགན་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་ཡུལ་དངོས་སུ་བརྟག་ཞིབ་གནང་ཞིང་། གཞི་རིམ་གྱི་ཀྲུང་དབྱང་རླུང་བརྙན་འཕྲིན་ས་ཚིགས་དང་དབུལ་སྐྱོར་འཐབ་ཕྱོགས་དང་པོའི་ལས་བྱེད་ལས་བཟོ་བར་གཟིགས་ཞིབ་དང་འཚམས་འདྲི་གནང་བ་རེད།

ཀྲང་ལིས་ཡིས་ནན་གྱིས་བསྟན་དོན། མགོ་ལོག་གི་ཁྱད་ལྡན་ལེགས་ཆར་དམིགས་ནས་ཚན་ཞིབ་ལག་རྩལ་གྱི་འགག་སྒྲོལ་ལ་ཤུགས་སྣོན་པ་དང་། འདེབས་འཛུགས་གསོ་སྤེལ་གྱི་ཉེར་སྤྱོད་ལག་རྩལ་གསོ་སྦྱོང་ཁྱབ་གདལ་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། ལག་རྩལ་འདུས་གྲུབ་དཔེ་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་རྩལ་གྲུབ་འབྲས་མཁོ་སྤྲོད་བྱེད་ཚད་མཐོ་རུ་གཏོང་དགོས། འབྲི་གཡག་དང་། བོད་ཇ། ལུག་གྲོད་ཤ་མོ་སོགས་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་དགོས་ལ། དམིགས་འབེན་ཁྲིད་སྟོན་དང་གནད་དོན་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ཏེ། མང་ཚོགས་གཙོ་གནད་དུ་འཛིན་པ་དང་ཡུལ་བབ་དང་བསྟུན་པ། ཚན་རིག་ཁྱབ་གདལ་གཏོང་སྟངས་གསར་གཏོད་དང་། རང་གིས་རང་ལ་གདེང་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ། དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་གཏོང་བར་ཤུགས་རྒྱག་དགོས་པར་བསྟན་པ་མ་ཟད། བརྗོད་དོན་གཙོ་བོ་དང་བྱེད་ཚོགས་གཙོ་བོར་དམིགས་ཏེ། སྣོད་བཅུད་སྲུང་སྐྱོང་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས། སྤུས་ཚད་མཐོ་བའི་འཚོ་བ་བཅས་ཀྱི་གཏམ་རྒྱུད་བཟང་པོ་བཤད་ནས་དམངས་སེམས་གཅིག་སྒྲིལ་དང་། དམངས་ཀྱི་བློ་སྟོབས་འཕེལ་བ་བྱས་ནས་རྒྱལ་ཁར་ཕུ་ཐག་གཅོད་པའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས་པར་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།