མཚོ་སྔོན་བཅོས་བསྒྱུར་གླེང་སྟེགས་སྐབས་བཞི་བའི་མཇུག་བསྡུ་མཛད་སྒོ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་རུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་བཅོས་བསྒྱུར་གླེང་སྟེགས་སྐབས་བཞི་བ་མཇུག་བསྡུ་བའི་མཛད་སྒོ་ཟླ་བདུན་པའི་ཚེས་བཅུ་ཉིན་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་ནས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ་ཝང་ཡུས་ཡན་མཛད་སྒོར་ཞུགས་པར་མ་ཟད་གཏམ་བཤད།

ཝང་ཡུས་ཡན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ཚབ་བྱས་ནས་གླེང་སྟེགས་རྒྱལ་ཁའི་ངང་བསྡུས་པར་རྟེན་འབྲེལ་ཞུས། མོས་བསྟན་དོན། ཐེངས་འདིའི་གླེང་སྟེགས་ཀྱིས་འགོ་ཁུངས་ཀྱི་འགན་འཁྲི་དང་གཞུང་རྒྱུན་གྱི་ཁག་ཁུར་ལ་དམིགས་པ་དང་། བརྗོད་དོན་མངོན་གསལ་ཡིན་པ་དང་དོན་སྙིང་ཆེན་པོ་ལྡན་ལ། ཕྱོགས་མང་དེའི་ཁྲོད་ཞུགས་པ་དང་ཤེས་ལྡན་མི་སྣ་མང་པོ་འདུ་ལ། ཞིབ་སྡུར་ནན་ཏན་བྱས་པ་དང་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ་དང་། མཚོ་སྔོན་གསར་བའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་དམ་དུ་དམིགས་ཡོད་ལ། མཐོ་རིམ་རིག་མཛོད་ཀྱི་ཆུ་ཚད་མངོན་པར་བྱས་པ་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུས་ཡོད། གླེང་སྟེགས་ཀྱི་གྲུབ་འབྲས་བཀོལ་སྤྱོད་གང་ལེགས་བྱེད་པ་དང་།  རང་འགུལ་གྱིས་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་དགོས། ཁོ་མོས་ནན་གྱིས་བསྟན་དོན། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལག་ལེན་མཐར་ཕྱིན་བྱས་ཏེ། མཛུབ་ཁྲིད་དགོངས་པའི་སྟེང་ནམ་ཡང་བློ་བརྟན་འགྱུར་མེད་དང་གོམ་སྟབས་གཅིག་གྱུར་བྱེད་དགོས། ངེས་པར་དུ་མིག་མངས་འགྲིག་སྐོར་གཅིག་གི་བསམ་བློ་སྲ་བརྟན་དུ་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས། དབུལ་ཐར་མཁྲེགས་གཏོར། གཞི་རིམ་བཅོས་སྐྱོང་སོགས་ཕྱོགས་སོ་སོ་གཅིག་གྱུར་བྱེད་པ། སྲུང་སྐྱོབ་དང་བཅོས་སྐྱོང་གི་མ་ལག་རང་བཞིན་དང་སྤྱི་ཁོག་རང་བཞིན། མཉམ་ལས་རང་བཞིན་ལ་དོ་སྣང་བྱེད་པ། བཅོས་སྐྱོང་ཇུས་གཞིའི་སྟེང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་ གཏན་ཤུགས་རྒྱུན་འཁྱོངས་བྱས་ནས། ཚན་རིག་གཞུང་ལུགས་དང་ཞིབ་འཇུག་གྲུབ་འབྲས་དེ་ལམ་ལུགས་མ་ལག་དང་བཅོས་སྐྱོང་ཕན་ནུས་སུ་བསྒྱུར་དགོས་ཟེར།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།