ལིས་ཅེ་ཞང་གིས་ཝན་ཁོ་སྡེ་ཚོགས་ལས་འཛིན་པའི་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཡུས་ལེང་སོགས་ལ་ཐུག་འཕྲད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་དང་ཧྲིན་ཀྲང་གཞོན་པ་ཁོང་ཡང་གཉིས་ཀྱིས་ཟི་ལིང་ནས་ཝན་ཁོ་སྡེ་ཚོགས་ལས་འཛིན་པའི་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཡུས་ལེང་སོགས་ལ་ཐུག་འཕྲད་བྱས།

ལིས་ཅེ་ཞང་གིས་ཡུས་ལེང་སོགས་མཚོ་སྔོན་དུ་ལྟ་ཞིབ་བྱེད་པར་ཡོང་བར་དགའ་བསུ་བྱས་པར་མ་ཟད། མཚོ་སྔོན་གྱི་ཁྱད་འཕགས་ཐོན་ཁུངས་དང་སྐྱེ་ཁམས། འཕེལ་རྒྱས་ཀྱི་དགེ་མཚན་ངོ་སྤྲོད་མདོར་བསྡུས་བྱས། ཁོས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆེས་ཆེ་བ་གསུམ་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ལ། དཔེ་སྟོན་ལྔའི་ཞིང་ཆེན་འཛུགས་སྐྲུན་བྱས་པ་དང་། དཔལ་འབྱོར་རྣམ་པ་སྣ་བཞིའི་སྣེ་ཁྲིད་ཇེ་དྲག་ཏུ་བཏང་སྟེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་ཞིག་འཚོལ་ཞིབ་བྱས། མིག་སྔར། མཚོ་སྔོན་ནུབ་རྒྱུད་གསར་སྤེལ་ཆེན་པོའི་རྣམ་པ་གསར་བ་གྲུབ་པར་བྱེད་པ་དང་ལན་ཀྲི་དང་ཟི་ལིང་གྲོང་ཁྱེར་ཚོགས་འཛུགས་སྐྲུན་བྱེད་པ། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བ། རིགས་གསར་བའི་གྲོང་གསེབ་ཅན་འཛུགས་སྐྲུན་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་གོ་སྐབས་མང་པའི་གནད་འགག་དུས་སྐབས་སུ་གནས་པ་དང་། འཕེལ་རྒྱས་ཀྱི་མདུན་ལྗོངས་རྒྱ་ཆེ་བ་དང་། རྗེས་སྤེལ་དགེ་མཚན་མངོན་གསལ་ཡིན་པས། ཝན་ཁོ་སྡེ་ཚོགས་ཀྱིས་གོ་སྐབས་དམ་འཛིན་བྱེད་པ་དང་། བབ་བསྟུན་མདུན་སྐྱོད་བྱེད་པ། འཇོན་ཐང་མངོན་པར་བྱས་ནས། སྔར་ལས་རྒྱ་ཆེ་བའི་འཕེལ་རྒྱས་བར་སྟོང་རྒྱ་སྐྱེད་དགོས་ཟེར། ཁོང་ཡུང་གིས་བསྟན་དོན། ཝན་ཁོ་སྡེ་ཚོགས་འཛམ་གླིང་གི་ཁེ་ལས་ཆེན་པོ་ལྔ་བརྒྱ་དང་རྒྱལ་ནང་གི་སྔོན་བསྐྱོད་མཁར་གྲོང་འཛུགས་སྐྲུན་དང་འཚོ་བའི་ཞབས་ཞུ་ཚོང་ལས་ཁེ་ལས་ཡིན་པའི་ཆ་ནས། མཚོ་སྔོན་དུ་བསྡད་པའི་ལོ་ངོ་གཉིས་རིང་ལ། གྲུབ་འབྲས་གཡུར་དུ་ཟ་བ་བླངས། མུ་མཐུད་དུ་ས་ཁང་བདག་ཁོངས་ཁྱབ་ཁོངས་ནས་འབད་འཐབ་བྱེད་པའི་ཞོར་དུ། རིགས་གསར་བའི་གྲོང་གསེབ་ཅན་དང་དེང་རབས་དངོས་སྐྱེལ། རྨང་གཞི་སྒྲིག་ཆས། དགུན་དུས་ཀྱི་གནས་སྐོར་སོགས་སྣ་མང་ཁྱབ་ཁོངས་ལ་དམིགས་ནས། དར་རྒྱས་གོང་འཕེལ་དུ་གཏོང་བར་སྐུལ་འདེད་གཏོང་བའི་རེ་བ་ཡོད་ཟེར།   །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།