རི་སྔོ་ཆུ་དྭངས་འབྲོག་པའི་འཚོ་བ་སྐྱིད།

水清山绿生活美-1(5576867)-20200710105035_副本.jpg    

སྔོན་ཆད་ཀྱི་བྱེ་མ་སྔོག་ཡུལ་ད་ལྟ་རྩྭ་ལྗང་གིས་ཁེབས་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཆུ་བོའི་སྐྱེ་ཁམས་མ་ལག་བདེ་ཐང་ལ་འགན་སྲུང་བྱས་ཏེ། འབབ་རྒྱུད་ཡོངས་ཀྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མི་དམངས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལེགས་བཅོས་བྱེད་ཆེད། ཉེ་བའི་ལོ་འགའི་རིང་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གིས་གཅིག་གྱུར་འཆར་འགོད་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། རྨ་ཆུའི་འབབ་རྒྱུད་ཀྱི་འཆར་འགོད་གལ་ཆེན་བཟོས་ཏེ། འབབ་རྒྱུད་ཀྱི་དོ་དམ་མ་ལག་འཐུས་ཚང་དུ་བཏང་བ་དང་། འབབ་རྒྱུད་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སླར་གསོ།མཉམ་འབྲེལ་འགོག་བཅོས་དང་མཉམ་འབྲེལ་ཁྲིམས་བསྟར་སོགས་ལ་ཤུགས་བསྣན་ཏེ། ཆུ་ལམ་སྔོག་འདོན་སྣང་ཚུལ་གཏན་འགོག་བྱས་ཤིང་། ཆུ་རྒྱས་པའི་དུས་སྐབས་ཀྱི་གནོད་སྐྱོན་ལོ་རེ་བཞིན་ཇེ་ཉུང་དུ་ཕྱིན་ལ། ཆུ་ངོས་ཇེ་གཙང་དུ་གྱུར་པ་དང་ཆུ་སྤུས་ཇེ་ལེགས་སུ་གྱུར་ཏེ། ཉ་རིགས་དང་བྱ་རིགས་ཇེ་མང་དུ་སོང་བས། འབྲོག་པའི་འཚོ་བར་སྐྱིད་སྣང་གིས་ཁེངས་སུ་བཅུག

水清山绿生活美-3(5576861)-20200710105031_副本.jpg

ཚན་རིག་གི་ཚད་གཞི་དང་མཐུན་པར་གད་སྙིགས་ཐག་གཅོད་ལེགས་པོར་བྱེད་པ།

水清山绿生活美-4(5576859)-20200710105025_副本.jpg

དགའ་བདེ་རྫོང་གོང་སྨད་ཞང་བྲག་ཤུར་སྡེ་བའི་ཆུ་ལམ་བདག་སྲུང་བས་ཆུ་ལམ་གྱི་གད་སྙིགས་གཙང་བཤེར་བྱེད་པ།

水清山绿生活美-6(5576870)-20200710105040_副本.jpg

འཐུང་ཆུའི་ཆུ་ཁུངས་སྲུང་སྐྱོབ་བྱ་བ་ལེགས་པོར་སྒྲུབ་པ།

水清山绿生活美-2(5576865)-20200710105021_副本.jpg

གཙང་ཞིང་གྲ་དག་པའི་མི་སྡོད་ཁོར་ཡུག    

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།