ཞིན་ཧེ་རྫོང་གིས“དམ་འཛིན་བཞི”ལ་བརྟེན་ནས་ལས་ཁུངས་ཀྱི་ཏང་འཛུགས་སྐྲུན་གྱི“སྒྲོན་འོག་ནག་པོ”བསལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་འཛུགས་སྐྲུན་དང་ལས་སྒོའི“ཕྱི་ཤུན་གཉིས”ཇི་ལྟར་བྱས་ནས་གཏོར་དགོས་སམ་ཞེ་ན། ཉིན་ཤས་སྔོན་ལ་གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་ཨུའི་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། འགན་འཁྲི་དང་དཔུང་ཁག མཛུབ་སྟོན། མཉམ་འདྲེས་བཅས་ཕྱོགས་བཞིའི་ལས་ཀ་དམ་འཛིན་བྱས་པ་བརྒྱུད་ནས། ནུས་ཤུགས་ཡོད་རྒུས་ལས་ཁུངས་ཀྱི་ཏང་འཛུགས་སྐྲུན་གྱི“སྒྲོན་འོག་ནག་པོ”སེལ་ཅི་ཐུབ་བྱས་པའི་ཁར། འགན་འཁྲི་གཏན་འཁེལ་ཁ་གསལ་དང་། ལས་འགན་ལག་བསྟར་དམིགས་སར་འབྱོར་བ། འགན་འཁྲི་རྩད་གཅོད་ནུས་ལྡན་བཅས་ཡིན་པའི་ལས་ཁུངས་ཀྱི་ཏང་འཛུགས་སྐྲུན་གྱི་འགན་འཁྲི་མ་ལག་འཛུགས་དགོས་པ་རེད།

བྱ་བའི་ཁྲོད། ཏང་འཛུགས་སྐྲུན་དམ་འཛིན་དང་གཞི་རིམ་དམ་འཛིན་གྱི་མངོན་གསལ་དོད་པའི་ཁྲིད་ཕྱོགས་ལེགས་པར་བཙུགས་ཏེ། མགོ་ཁྲིད་ལས་བྱེད་པས་ཏང་འཛུགས་སྐྲུན་གྱི་བྱ་བ་ལག་ལེན་བསྟར་བའི“ལས་རྐང་གཅིག་ལ་འགན་འཁྲི་གཉིས”ཀྱི་ལམ་ལུགས་འཐུས་ཚང་དུ་བཏང་ཐོག ལས་ཁུངས་ཀྱི་ཏང་འཛུགས་སྐྲུན་ལ་ཞིབ་བཤེར་དང་བརྡ་ཁྱབ་བཏང་བའི་གནས་ཚུལ་དེ་སྡེ་ཁག(ལས་ཁུངས)གི་ལོ་འཁོར་མོའི་ཏང་འཛུགས་སྐྲུན་གྱི་རྒྱུན་ལྡན་དཔྱད་ཞིབ་གྲས་སུ་བཞག་ནས། གོང་ནས་འོག་བར་གྱི་འགན་འཁྲིའི“མ་ལག་དྲ་རྒྱ”བཙུགས་པ་རེད། དཔུང་ཁག་དམ་འཛིན་བྱེད་པའི་སྐབས། ཁྱོན་ཡོངས་ནས་ལས་ཁུངས་ཀྱི་ཏང་འཛུགས་སྐྲུན་གྱི་འཆར་གཞི་ཁྱོན་ཡོངས་ནས་ཇུས་འགོད་ལེགས་པོ་བྱས་ཏེ། ཏང་དོན་ལ་རྒྱུས་མངའ་ཆེ་བ་དང་བྱང་ཚད་མཐོ་ལ་གཞན་དོན་དུ་ལེགས་སྐྱེས་འབུལ་རྒྱུར་དགའ་བའི་ཏང་ཡོན་ལས་བྱེད་པ་སྐོར་ཞིག་ཀྲི་པུའུ་ནང་ཞུགས་སུ་བཅུག་ནས། སྟོབས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱ་དགོས་ཀྱང་འཛུགས་སྐྲུན་བྱས་མེད་པ་དང་། འཛུགས་དགོས་ཀྱང་བཙུགས་མེད་པ་སོགས་ཀྱི་གནད་དོན་མཐའ་དག་ཐག་གཅོད་ཅི་ཐུབ་བྱས། ད་ལོའི་ཚུན་ལ། ཞིན་ཧེ་རྫོང་གིས་སྔ་ཕྱི་རིམ་རྩིས་བྱས་ན“ཏང་ཡོན་ཏང་གི་སློབ་གྲྭར་སོང་ནས་གཅིག་བསྡུས་རེས་སྐོར་གསོ་སྦྱོང་བྱེད་པ”འམ་ལས་ཁུངས་ཀྱི་ཏང་དོན་ལས་བྱེད་པ་དང་ལས་ཁུངས་ཀྱི་ཏང་ཡོན280ལྷག་གསོ་སྦྱོང་བྱས་པ་རེད།

མཛུབ་སྟོན་དམ་འཛིན་བྱེད་པའི་སྐབས། ཏང་འཛུགས་སྐྲུན་བྱ་བ་རྒྱུན་རྣམ་ཅན་གྱི་འབྲེལ་གཏུག་ས་ཚིགས་ལམ་ལུགས་བཙུགས་ནས། འབྲེལ་གཏུག་ས་ཚིགས་ཀྱི་རྒྱུན་ལྡན་གྱི་འབྲེལ་གཏུག་བྱེད་ཚུལ་ལ་རྒྱུས་ལོན་བྱེད་པར་ཤུགས་སྣོན་བརྒྱབ་པ་དང་། འབྲེལ་གཏུག་བྱ་ཡུལ་གྱི་ཏང་རྩ་འཛུགས་ཀྱིས“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་། རྩ་འཛུགས་འཚོ་བའི་ཚོགས་འདུ། ཏང་ཡོན་ལ་དམངས་གཙོ་དཔྱད་མོལ་བྱེད་པ་སོགས་ཀྱི་བྱ་བ་མང་ཙམ་སྤེལ་ནས། ཏང་རྩ་འཛུགས་སོ་སོས་རྩ་འཛུགས་འཚོ་བ་རྒྱུན་རྣམ་ཅན་དང་ཚད་ལྡན་ཅན་དུ་འགྱུར་ཅི་ཐུབ་བྱས་ཤིང་། མཉམ་འདྲེས་དམ་འཛིན་བྱེད་པའི་སྐབས། ཏང་འཛུགས་སྐྲུན་གྱི་བྱ་བ་དང་ལས་སྒོའི་བྱ་བ་དེ་རླངས་འཁོར་གྱི་འཁོར་ལོ་གཉིས་དང་འདྲ་བར། གཉིས་ཀ་ངེས་པར་དུ་གཅིག་ལ་གཅིག་བརྟེན་དང་མཉམ་འཛིན་སྤྱི་སྒྲུབ་བྱས། ལས་ཁུངས་དང་སྡེ་ཚན་གྱི་ལྟེ་བའི་བྱ་བར་འགྱུར་ལྡོག་གཏོང་རྒྱུར་དམིགས་ནས་དུས་ཐོག་ཏུ་ལས་ཁུངས་ཀྱི་ཏང་འཛུགས་སྐྲུན་གྱི་བྱ་བའི་གཙོ་གནད་དང་བྱེད་སྟངས་དང་ཐེག་བྱད་བཅས་ལེགས་སྒྲིག་བྱས་ཤིང་། ལས་ཁུངས་ཀྱི་ཏང་འཛུགས་སྐྲུན་གྱི་བྱ་བ་དེ་ལྟེ་བའི་བྱ་བ་དང་འཚམ་པོ་མཐུན་པོ་ཡོང་བར་མ་ཟད།དེར་ཞབས་འདེགས་ཞུ་རྒྱུར་སྐུལ་འདེད་བཏང་བ་དང་། ལས་རིགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་རང་འདེམས་བྱ་སྤྱོད་ལེགས་པར་སྤེལ་བའི་ཁར། ཏང་འཛུགས་སྐྲུན་གྱི་བྱ་བས་ལས་སྒོའི་བྱ་བར་སྣེ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་བྱས་ཏེ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་ལམ་ལུགས་དེ་ལས་སྒོའི་བྱ་བ་གཙོ་བོའི་རྒྱུན་ལྡན་གྱི་ལྟ་སྐུལ་དོ་དམ་ཁྲོད་དུ་ཁྱབ་པར་བྱས་པ་དང་། “ཕྱོགས་གཉིས་ཀ་འཛིན་པ་དང་ཕྱོགས་གཉིས་ཀ་དམ་འཛིན་བྱེད”པའི་མཉམ་ཤུགས་ཆེ་རུ་བཏང་སྟེ། ཏང་གི་འཛུགས་སྐྲུན་དང་ལས་སྒོའི་བྱ་བ་མཉམ་དུ་ཇུས་འགོད་དང་། མཉམ་དུ་བཀོད་སྒྲིག མཉམ་དུ་དཔྱད་ཞིབ་བཅས་བྱེད་པའི་བྱ་བའི་ནང་རྐྱེན་ཆགས་པར་བྱས་ཏེ། ཏང་འཛུགས་སྐྲུན་གྱི་བྱ་བ་དང་ལས་སྒོའི་བྱ་བ་གཉིས་ཀ་མཐོ་རུ་འདེགས་པར་སྐུལ་འདེད་བཏང་། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།