ལྕི་བའི་ཐོག་བཞད་པའི“ཕྱུག་བསྒྱུར་གྱི་མེ་ཏོག”

17版(5548695)-20200710102817_副本.jpg

ལག་རྩལ་རྩེ་གྲའི་ཐོན་རྫས་འགྲེམ་སྟོན་བྱེད་པ།

17版(5548697)-20200710102823_副本.jpg

ཐད་གཏོང་བརྒྱུད་དེ་ཚོང་ཟོང་ཕྱིར་འཚོང་བྱེད་པ།

17版(5548699)-20200710102811_副本.jpg

ལས་བྱེད་མི་སྣས་ལྕི་བས་བཟོས་པའི་མེ་ཏོག་པདྨ་འགྲེམ་སྟོན་བྱེད་བཞིན་པ།    

“མེ་ཏོག་རྐང་གཅིག་ལྕི་བའི་ཐོག་ཏུ་གསེབ་འདུག”ཅེས་པ་ནི་ཆ་མི་འགྲིག་པའི་བརྩེ་དུང་ལ་དཔེ་འཇོག་པའི་ཁ་དཔེ་ཞིག་ཡིན་མོད། འོན་ཀྱང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་པ་པའོ་གྲོང་རྡལ་དུ་དེའི་ཤུགས་བསྟན་གྱི་གོ་དོན་རྩ་བ་ནས་འགྱུར་ཏེ། ལྕི་བའི་ཐོག་བཞད་པའི“མེ་ཏོག”དེ་དབུལ་ཐར་ཕྱུག་བསྒྱུར་གྱི་མེ་ཏོག་ཏུ་གྱུར་འདུག

ཟླ4པའི་ཚེས10ཉིན། གསར་འགོད་པ་པ་པའོ་གྲོང་རྡལ་བ་ལྡིང་ཆུ་བོའི་འགྲམ་དུ་ཆགས་པའི་ཆི་ལེན་རྫོང་ཀུའུ་ལང་དམངས་སྲོལ་རིག་གནས་རྡོ་རྒྱུ་གསར་སྤེལ་ཚད་ཡོད་ཀུང་སིའི་ཐོན་རྫས་བཤམས་འཚོང་ཚོམས་ཆེན་དུ་ཐོན་པ་ན། རྡོ་ལེབ་དང་རྡེའུ་ཡིས་བཟོས་པའི་རྡོ་ཡི་རི་མོའི་བཤམ་སྒྲོམ་གྱི་མདུན་དུ། སྒྲོལ་མ་དང་ཕག་མོ་འཚོ་གཉིས་ཀྱིས་འཁྱུག་དབྱངས་དང་མགྱོགས་འཕྲིན་སོགས་སྒེར་སྨྱན་སྟེགས་བུ་བརྒྱུད་དེ། ས་དེའི་ཐོན་རྫས་འགྲེམ་འཚོང་བྱེད་བཞིན་པ་མཐོང་བྱུང་། ཁོ་མོ་གཉིས་ཀྱི་གཡས་ཀྱི་བཤམ་སྒྲོམ་སྟེང་དུ། བཟོ་རྩལ་ལས་སྣོན་བྱས་ཏེ་གྲུབ་པའི་ལྕི་བ་ལེབ་མོ་ཞིག་གི་སྟེང་དུ། རྒྱུ་ལྕི་བ་ལས་བྱས་པའི་མེ་ཏོག་རྒྱ་སེ་རྐང་གཅིག་གསེབ་འདུག་ཅིང་། ལྕི་བ་གཙོར་བཟུང་བའི་བཟོ་རྩལ་ཐོན་རྫས་དེའི་མིང་ལ“མེ་ཏོག་ལྕི་བའི་ཐོག་ཏུ་གསེབ་པ”ཞེས་བཏགས་ཡོད་ལ། དེའི་དྲ་གྲགས་ཀྱི་ཚད་ནི་བོད་ཀྱི་གཙག་དྲུབ་དང་རྡོའི་རི་མོ་ལས་བརྒལ་ཡོད་པ་རེད།

ལྕི་བའི་མེ་ཏོག་བྱུང་ཚུལ་ནི་སྟེས་དབང་ཡིན་ལ་དགོས་ངེས་ཤིག་ཀྱང་རེད། 2016ལོར་ཀུང་སིའི་བདག་གཉེར་པ་ཝང་ཀྲུང་ཞང་ཆི་ལེན་རྫོང་པ་པའོ་གྲོང་རྡལ་གྱི་ཤར་ལྷོའི་ཕྱོགས་སུ་སྤྱི་ལེ2ཡོད་པའི་ཨ་མྱེས་སྟོང་སོ་ས་ཆར་སོང་སྟེ། ལས་སྒང་དུ་ཡོད་པའི་རྡོའི་རི་མོའི་བརྩམས་ཆོས་ལ་མཁོ་བའི་རྒྱུ་ཆ་བཙལ།“རྡོ་བཏུས་ཏེ་ཐང་ཆད་སྟབས། རི་རྐེད་དུ་ཙོག་ནས་ངལ་གསོས་པ་ཡིན་ལ། སྐབས་དེར་རིལ་མ་མཐོང་བྱུང་བས་འགའ་ཞིག་བཏུས་པ་ཡིན།” སྤྱིར་ཝང་ཀྲུང་ཞང་གིས་རིལ་མ་དེ་དག་ལས་སྣོན་བྱས་ཏེ་རྡོའི་རི་མོའི་ནང་འཇོག་བསམ་མོད། བློ་ཡུལ་ལས་འདས་པ་ཞིག་ལ་དེ་དག་གིས་རྒུན་འབྲུམ་གྱི་བཟོ་རྩལ་ཐོན་རྫས་བཟོ་བའི་དྲན་ཚུལ་སྐྱེས།

“ཚོད་ལྟ་ལེགས་འགྲུབ་བྱུང་རྗེས། ངས‘མེ་ཏོག་རྐང་གཅིག་ལྕི་བའི་ཐོག་ཏུ་གསེབ་འདུག’ཅེས་པའི་ཁ་དཔེ་དེ་དྲན་བྱུང་།” བོད་ཁུལ་དུ་སྡོད་པའི་ཝང་ཀྲུང་ཞང་སྔོན་ཆད་མཚོ་རྒྱུད་ས་ཁུལ་དུ་སོང་མྱོང་ལ་བྱང་ཤར་ས་ཁུལ་ནས་ཚོང་ལས་ཀྱང་གཉེར་མྱོང་སྟབས། ཆི་ལེན་གྱིས“ཡུལ་སྐོར་ལ་བརྟེན་ནས་རྫོང་དར་རྒྱས་སུ་གཏོང་བ”ཡི་གནས་བབ་ལེགས་ཤིང་། སྒོས་སུ“ཡུལ་སྐོར་དྲན་རྟེན་ཐོན་རྫས་ཀྱི་ཚོང་བྲིན་མོད། འོན་ཀྱང་ཐོན་རྫས་ལ་ཁྱད་ཆོས་འཛོམས་དགོས་པ་ལས་གཞན།‘ཁྱད་མཚར’ཡིན་དགོས་ལ། གཞན་ལ་མེད་པ་ཞིག་རང་ལ་ཡོད་ན་ད་གཟོད་བྲིན་ངེས”པ་གསལ་པོ་ཤེས་ཡོད།

རང་བྱུང་སྐྱུར་བསྙལ་དང་། འགྱིག་ཟོ་ལས་སྐྱུར་བསྙལ་བྱེད་པ་སོགས་སྐྱུར་བསྙལ་དྲི་འཇོམས་ཀྱི་ཚོད་ལྟར་ཕམ་ཁ་བྱུང་རྗེས། ཝང་ཀྲུང་ཞང་གིས་ཤིང་ཟོ་ལས་སྐྱུར་བསྙལ་བྱས་ཏེ་ཚོད་ལྟ་བྱས་པ་ན་ཡོངས་སུ་ལེགས་འགྲུབ་བྱུང་ཞིང་། ཁ་དཔེ་དེ་ཡང་དེ་ལྟར་བདེན་པ་བདེན་ཐུབ་ཀྱིས་དངོས་རྫས་ཀྱི་སྟེང་དུ་མངོན་ཐུབ་པ་བྱུང་། “མེ་ཏོག་ལྕི་བའི་ཐོག་ཏུ་གསེབ་པ”ཡི་ལྕི་བའི་བཟོ་རྩལ་ཐོན་རྫས་དེ2018ལོར“ཐོན་སྐྱེད་འབོར་ཆེན”བྱེད་པ་མངོན་འགྱུར་བྱས་ལ། 2019ལོར་རྒྱུ་ལྕི་བ་ལས་བཟོས་པའི་མེ་ཏོག་རྒྱ་སེ་དང་། མེ་ཏོག་པདྨ། འབྲི་གཡག་དང་། འབྲོག་ཁྱི་བཅས་ཀྱི་བཟོ་རྩལ་ཐོན་རྫས་ནི་ཧྲེན་ཀྲེན་དང་། ཀོང་ཀྲོའུ། ཧྲང་ཧའེ་བཅས་ཀྱི་ཚོང་རར་བཀྲམས། ཐོན་རྫས580ཙམ་གྱིས་སྒོར་ཁྲི3ལྷག་གི་ཡོང་འབབ་བཙལ་བ་དེས། ཐད་ཀར་དུད་ཁྱིམ16གི་འབྲོག་པ་མང་ཚོགས་ལ་ཁེ་སྤོགས་ཐོབ་ཏུ་བཅུག

‘ཀུའུ་ལང’ཀུང་སི་རུ་དབུལ་ཐར་དུད་ཁྱིམ90ཡོད་ལ། སྔོན་ཆད་མི་རྣམས་ཀྱི་མིག་ནང་དུ་མི་ཐོགས་པའི་རྡེའུ་ནི། ད་ལྟ་ལག་བདེ་བཟོ་པ་དག་གི་ལག་པ་བརྒྱུད་རྗེས་བཟོ་རྩལ་ཐོན་རྫས་སུ་གྱུར། སྤུས་ཀ་ལྟར་ཕྱིར་འཚོང་བྱས་རྗེས། སོ་སོར་སྒོར1500དང་སྒོར7000གི་ཡོང་འབབ་འདྲ་མིན་ཐོབ་སྟེ། ཁྱོན་ཡོངས་ནས་དབུལ་ཐར་མངོན་འགྱུར་བྱས་ཡོད།

བཟོ་རྩལ་ཐོན་རྫས་ལས་ས་རུ། ཝང་ཀྲུང་ཞང་གིས་རྒན་རབས་པས་གཞོན་སྐྱེས་རྣམས་ལ་ལག་རྩལ་ཁྲིད་པའི་བྱེད་ཐབས་སྤྱད་དེ། རྡོའི་རི་མོ་བཟོ་བའི་མི་སྣ་མུ་མཐུད་དུ་གསོ་སྐྱོང་བྱེད་བཞིན་ཡོད། ཡུལ་སྐོར་པ་ཇེ་ཉུང་དུ་འགྲོ་བའི་སྐབས་སུ། མི་སྣ་གསོ་སྐྱོང་བྱས་ཏེ་དྲ་རྒྱའི་ཕྱིར་འཚོང་དང་ཡུལ་སྐོར་གྱི་ཚོང་ཁ་རྒྱུག་པའི་དུས་སྐབས་སླར་ཡང་བཤམས་འཚོང་བྱེད་པར་གྲ་སྒྲིག་བྱེད་བཞིན་མཆིས། ལྕི་བའི་བཟོ་རྩལ་ཐོན་རྫས་ཀྱི་ཐད་ནས། ཝང་ཀྲུང་ཞང་གིས་དངོས་ཁྲིད་བྱས་ཏེ་རྐང་འཛིན་ལས་མཁན་གསོ་སྐྱོང་བྱས་པར་མ་ཟད། བཟོ་རྩལ་ལས་སྣོན་ལག་རྩལ་ལེགས་བཅོས་བྱས་པ་དང་། དྲ་བ་བརྒྱུད་དེ་གསར་སྐྲུན་གྱི་རིགས་ལམ་སྔར་ལས་མང་པོ་འཚོལ་བཞིན་མཆིས།

རྡོའི་རི་མོ་ནི་ཁོའི་ལས་དོན་འཕེལ་རྒྱས་ཀྱི་རྨང་རྡོ་ཡིན་ལ། ཁོའི་རྗེས་སུ་འབྲང་སྟེ་འབད་འཐབ་བྱེད་པའི་དབུལ་ཁྱིམ་ལ་དབུལ་ཐར་བྱེད་པའི‘རྡོ་ཡི་བར་ཁྱམས’ཤིག་བཏིང་ཡོད། ལྕི་བའི་བཟོ་རྩལ་ཐོན་རྫས་ནི་ཁོའི་ལས་དོན་འཕེལ་རྒྱས་ཀྱི་དམིགས་པ་གཞན་ཞིག་ཡིན་ལ། དབུལ་ཕོངས་དུད་ཁྱིམ་གྱི་ཆེད་དུ་ལྕི་བའི་ཐོག་བཞད་པའི“ཕྱུག་བསྒྱུར་གྱི་མེ་ཏོག”ཡིན། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།