ཡུལ་ཤུལ་ཁུལ་སྲིད་གཞུང་དང་པེ་ཅིང་གི་མཚོ་སྔོན་རོགས་སྐྱོར་ཡུལ་ཤུལ་བཀོད་འདོམས་པུའུ་ཡིས་ཧྭ་ཞ་དངུལ་ཁང་ཐོན་ལས་དབུལ་སྐྱོར་འཐབ་ཇུས་མཉམ་ལས་གྲོས་མཐུན་དང་སྤྱི་ཕན་ཞལ་འདེབས་མིང་རྟགས་འགོད་པའི་མཛད་སྒོ་ཟི་ལིང་དུ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས9ཉིན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་དང་། པེ་ཅིང་གི་མཚོ་སྔོན་རོགས་སྐྱོར་ཡུལ་ཤུལ་བཀོད་འདོམས་པུའུ། ཧྭ་ཞ་དངུལ་ཁང་ཐོན་ལས་བཅས་ཀྱི་དབུལ་སྐྱོར་འཐབ་ཇུས་མཉམ་ལས་གྲོས་མཐུན་དང་སྤྱི་ཕན་ཞལ་འདེབས་མིང་རྟགས་འགོད་པའི་མཛད་སྒོ་ཟི་ལིང་དུ་འཚོགས་པ་དང་། ཧྲིན་ཀྲང་གཞོན་པ་ཝང་ལིས་མིང་མཛད་སྒོར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཝང་ལིས་མིང་གིས་བསྟན་དོན། ཡུལ་ཤུལ་ཁུལ་གྱི་སྐྱེ་ཁམས་གནས་བབ་གལ་ཆེན་དེ་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད། པེ་ཅིང་གྲོང་ཁྱེར་གྱིས་ཡུལ་ཤུལ་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་ངོ10ཡི་རིང་། ཁ་གཏད་རོགས་སྐྱོར་གྱི་མཛའ་གྲོགས་འབྲེལ་ཟམ་བཙུགས་པ་དང་ཕན་འབྲས་ལྡན་པའི་ལས་དོན་འབོར་ཆེན་བསྒྲུབས་ཡོད་ལ། ཐོན་ལས་དབུལ་སྐྱོར་གྱི“ཡུལ་ཤུལ་རྣམ་པ”བཏོད་ནས་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་དང་འཛུགས་སྐྲུན་འཕེལ་རྒྱས་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད། ཧྭ་ཞ་དངུལ་ཁང་ནི་པེ་ཅིན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པའི་རྒྱལ་དབང་ཁེ་ལས་ཡིན་པའི་ཆ་ནས་མཚོ་སྔོན་ཞིང་ཆེན་དུ་བཅའ་སྡོད་བྱས་ཚུན། རང་འགུལ་ངང་བྱས་རྗེས་བཞག་ཏེ་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་གོ་རིམ་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད།

ཝང་ལིས་མིང་གིས་ནན་གྱིས་བསྟན་དོན། མིག་སྔར་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་རྒྱལ་ཡོངས་ཀྱི“ཚོགས་འདུ་གཉིས”ཀྱི་ལས་དོན་བཀོད་སྒྲིག་དོན་འཁྱོལ་གཏིང་ཟབ་བྱས་ཏེ“བརྟན་བརླིང་དྲུག”དང“འགན་ལེན་དྲུག”གི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་བཞིན་ཡོད་ལ། སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དམིགས་ཚད་དེ་མངོན་འགྱུར་ཡོང་བ་བྱེད་པར་པེ་ཅིང་གི་མཚོ་སྔོན་རོགས་སྐྱོར་བཀོད་འདོམས་པུའུ་དང་དེ་བཞིན་ཧྭ་ཞ་དངུལ་ཁང་སོགས་དངུལ་རྩའི་སྒྲིག་གཞིའི་རྒྱབ་སྐྱོར་ཤུགས་ཆེན་དང་ཁ་འབྲལ་ཐབས་མེད། ཕྱོགས་གཉིས་པོས་ད་ཐེངས་ཀྱི་གན་རྒྱ་དེ་གོ་སྐབས་སུ་བྱས་ནས་སྔར་རྒྱུན་བཞིན་ཡུལ་ཤུལ་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་ཡོད། བརྟན་ཞིང་གོ་རིམ་ལྡན་པའི་སྒོ་ནས་ཕྱོགས་ཡོངས་དང་། ཁྱབ་ཁོངས་ཡངས་པ། གཏིང་རིམ་ཟབ་པ་བཅས་ཀྱི་མཉམ་ལས་སྤེལ་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་ཆེད་སླར་ཡང་སྒུལ་ཤུགས་གསར་པ་སྣོན་པ་དང་བྱས་རྗེས་གསར་པ་འཇོག་དགོས། 

མིང་རྟགས་འགོད་པའི་མཛད་སྒོའི་ཐོག་ཡུལ་ཤུལ་ཁུལ་སྲིད་གཞུང་དང་པེ་ཅིང་གི་མཚོ་སྔོན་རོགས་སྐྱོར་ཡུལ་ཤུལ་བཀོད་འདོམས་པུའུ་ཡིས་སོ་སོར་ཧྭ་ཞ་དངུལ་ཁང་དང་ཐོན་ལས་དབུལ་སྐྱོར་འཐབ་ཇུས་མཉམ་ལས་གྲོས་མཐུན་བཞག་པ་རེད། ཧྭ་ཞ་དངུལ་ཁང་གིས་ཡུལ་ཤུལ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་དང་ཡུལ་ཤུལ་གྲོང་ཁྱེར་འབའ་ཐང་ཤང་འབའ་ཐང་གོང་མ་གྲོང་ཚོར་རིན་ཐང་སྒོར་ཁྲི250ཡི་ཞལ་འདེབས་དང་སྒོར་ཁྲི150ཡི་དངུལ་འཛིན་ཞལ་འདེབས་བརྒྱབ་པ་རེད། །

རྩོམ་སྒྲིག་པ། འབུམ་པ་རྒྱལ།

དཔྱད་མཆན 0 ཡོད།