ན་གོར་མོ་གྲོང་ཁྱེར་གྱི་ཆུ་བེད་ཀྱི་གཙོ་གནད་རྣམ་གྲངས་ཚང་མ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཐུབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ་ལོ་ཚུན་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་བརྟན་པོ་བྱེད་པ་དང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་ལས་དོན་གང་མགྱོགས་སྤེལ་རིང་། གོར་མོ་གྲོང་ཁྱེར་གྱིས་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་དམངས་འཚོ་འགན་ལེན་གྱི་དགོས་མཁོར་དམིགས་པ་དང་ཆུ་བེད་རྣམ་གྲངས་ཀྱི་ལས་འགོ་བསྐྱར་འཛུགས་ལ་སྐུལ་འདེད་བརྟན་པོ་ཧུར་ཐག་བཏང་སྟེ་གྲོང་ཁྱེར་ཡོངས་ཀྱི“བརྟན་པོ་དྲུག”དང“འགན་ལེན་དྲུག”ལ་ཞབས་འདེགས་ཧུར་ཐག་ཞུས་པ་རེད།

གོང་རིམ་གཙོ་འགན་སྡེ་ཚན་དང་འབྲེལ་མཐུད་ཧུར་ཐག་བྱས་ནས་གོར་མོའི་ཆུ་བེད་ལས་དོན་ཐད་ལ་གོང་རིམ་སྡེ་ཚན་གྱི་རྒྱབ་སྐྱོར་ཐོབ་ཐབས་བྱས་ཏེ། མིག་སྔའི་བར་ཆུ་བེད་འཕེལ་རྒྱས་ཀྱི་མ་དངུལ་ཁྱོན་སྒོར་ཁྲི4965བཏང་བ་དང་། གྲོང་ཁྱེར་རིམ་པའི་རྣམ་གྲངས་ལ་དུས་འགོར་མ་དངུལ་སྒོར་ཁྲི་45བཏང་བས་ཆུ་ཡུར་བཅོས་སྐྱོང་དང་། གྲོང་གསེབ་ཀྱི་འཐུང་ཆུ་སྲུང་སྐྱོང་། གྲོན་ཆུང་རྣམ་པའི་སྤྱི་ཚོགས་འཛུགས་སྐྱོང་སོགས་ཀྱི་ཐད་ལ་མ་དངུལ་གྱི་རྒྱབ་སྐྱོར་ཐོབ་ཡོད། དེ་དང་དུས་མཚུངས་བདེ་འཇགས་དང་སྤུས་ཚད་འགན་ལེན་སྔོན་འགྲོའི་ཆ་རྐྱེན་འོག གོར་མོ་གྲོང་ཁྱེར་གྱིས་འགན་འཁྲི་དོན་འཁྱོལ་ཞིབ་ཚགས་སུ་གཏོང་བ་དང་། ཆུ་བེད་ཀྱི་གཙོ་གནད་ལས་གྲྭའི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་མགྱོགས་མྱུར་བྱེད་པ། འཛུགས་སྐྲུན་ཚན་པ་སྒྲིག་འཛུགས་བྱས་ནས་ཨར་ལས་བཀོད་གཏོང་ལ་ཤུགས་སྣོན་དང་། འགག་རྩའི་ལྷུ་ཚིགས་ནན་པོ་སྲུང་བ། རིགས་པས་ཁུངས་སྐྱེལ་ཧུར་ཐག ཨར་ལས་ཀྱི་ཇུས་གཞི་ལེགས་སུ་གཏོང་བ། ལས་ཡུལ་དངོས་ཀྱི་ལྟ་འདོམས་ལ་ཤུགས་སྣོན་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ལས་ཡུན་ལྡོག་སྒྲིག་དང་ལས་ཀའི་འཕེལ་རིམ་ལ་དམ་འཛིན་ནན་པོ་བྱས་པ་རེད།

མིག་སྔའི་བར་གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་རྣམ་གྲངས་ཀྱི་གོར་མོའི་ཆུ་ཡུར་རྙིང་པའི་ཆུ་མདོ་ནས་གྲོང་ཁུལ་བར་གྱི་ཆུ་རྒྱུད་འབྲེལ་མཐུད་རྣམ་གྲངས་དང་། གྲོང་ཁུལ་གྱི་ཆུ་རྒྱུད་འབྲེལ་མཐུད་རྣམ་གྲངས། གཙང་ཆུའི་སྣོད་བཅུད་བཅོས་སྐྱོང་ལས་གྲྭ(ཆུ་བེད་སྡེ་ཚན) གོར་མོའི་ཆུ་ཡུར་བཅོས་སྐྱོང་ལས་གྲྭ་སོགས་ཚང་མ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱུང་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།