མཚོ་སྔོན་ཞིང་ཆེན་གྱིས“མི་ཤུགས་དང་སྤྱི་ཚགས་འགན་སྲུང་ཞབས་ཞུ་མགྱོགས་མྱུར་ངང་སྒྲུབ་པའི་”བྱ་འགུལ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་ཤེས་གསལ་ལྟར་ན། ཉེ་ལམ། རང་ཞིང་གིས་“མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཞབས་ཞུ་མགྱོགས་མྱུར་ངང་སྒྲུབ་པའི”བྱ་འགུལ་སྤེལ་བ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁྱབ་ཁོངས་ཀྱི་“དོན་དག་གཙང་བཤེར་དང་། རྒྱུ་ཆ་ཉུང་གཏོང་། དུས་བཀག་ཇེ་ཐུང”བཅས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་བ་དང་། ཞབས་ཞུའི་བརྒྱུད་རིམ་སྔར་ལས་ཇེ་ལེགས་སུ་བཏང་སྟེ། ཞབས་ཞུའི་ཕན་ནུས་ཆེ་རུ་གཏོང་བར་སྐུལ་འདེད་བྱས། 

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་མི་ཤུགས་དང་སྤྱི་ཚོགས་འགན་སྲུང་ཞབས་ཞུ་མགྱོགས་སྒྲུབ་བྱ་བར་འབྲེལ་བ་ཡོད་པའི་བྱ་བར་གཅིག་གྱུར་ངང་སྒྲུབ་པ་དང་། སྒྲུབ་ཐེངས་མང་པོའི་བྱ་བ་མགྱོགས་མྱུར་ངང་སྒྲུབ་པ། དོན་དོག་ཡོད་ཚད་སྟབས་བདེ་ངང་སྒྲུབ་པ་སོགས་གཙོ་གནད་ལས་འགན་གསུམ་དང་། དེའི་ནང་གཅིག་གྱུར་ངང་སྒྲུབ་པར་གཙོ་བོ་ཁེ་ལས་སོ་སོའི་ལས་བཟོ་བ་དང་། ཁེ་ལས་དང་ལས་བཟོ་བའི་ངལ་རྩོལ་གྱི་གན་རྒྱ་མཚམས་འཇོག་པ་སོགས་ཁེ་ལས་དང་མང་ཚོགས་ལ་འབྲེལ་བ་ཡོད་པའི་དོན་དག་བཅུ་འདུས། དོན་དག་འདི་ཚང་མ་སྒྲུབ་པར་བདེན་དཔང་ཡིག་ཆ་ཇེ་ཉུང་དུ་གཏོང་བ་དང་ཞབས་ཞུའི་བརྒྱུད་རིམ་ཇེ་ཉུང་དུ་གཏོང་བ་སོགས་ཁེ་ལས་དང་མང་ཚོགས་ལ་སྟབས་བདེ་ཆེན་པོ་སྐྲུན། 

 “མགྱོགས་མྱུར་གྱིས་བསྒྲུབ་རྒྱུ་”ནི། ལས་འཁྱུར་ངལ་གསོ་བྱས་པའི་ལས་བཟོ་བ་དང་ལས་ཤོར་འགན་བཅོལ་མ་དངུལ་རེ་ཞུ་སོགས་སྒྲུབ་ཐེངས་མང་པོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་སྲིད་དོན་ཞབས་ཞུའི་དོན་དག་10ལ་དམིགས་ཏེ། “ཐེངས་གཅིག་ལ་ལེགས་པར་བསྒྲུབ་ཐུབ་པ་དང་འཕྲལ་དུ་ལེན་ཐུབ་པའི་”དོན་དག་དུས་ཐོག་ཏུ་བསྒྲུབས་ཚར་བར་བྱ་དགོས་པ་དང་། དུས་བཀག་ནང་བསྒྲུབས་ཚར་བའི་དོན་དག་གི་དུས་ཚད་བརྒྱ་ཆ་50ཡན་ཟིན་པར་བྱས་ཡོད།

 “བྱ་བ་སྟབས་བདེ་ངང་སྒྲུབ་པ་”ནི།《མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་ངོ་མི་འཕྲད་པར་ཞབས་ཞུའི་དོན་ཚན་གྱི་ཞིབ་ཐོ་(རྣམ་གྲངས་75)》ནན་ཏན་གྱིས་ལག་བསྟར་བྱེད་པ་དང་། རེ་འདུན་ཞུ་མཁན་དང་ཞིབ་མཆན་འགོད་པའི་སྒེའུ་ཁུང་གི་ལས་དོན་མི་སྣས“ངོ་མི་འཕྲད་པའི”ཞབས་ཞུའི་རྣམ་པར་སྐུལ་འདེད་གཏོང་བ་དང་། 《ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་དཔང་ཡིག་མེད་པར་བཟོས་པའི་དོན་ཚན་གྱི་གསལ་ཐོ(རྣམ་གྲངས101)》དང《ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་དཔང་ཡིག་དོན་ཚན་གསལ་བཤད་ཁས་ལེན་ལམ་ལུགས་ཀྱི་གསལ་ཐོ(རྣམ་གྲངས36)》ལག་བསྟར་ནན་པོ་བྱས་ཏེ། ཁེ་ལས་དང་མང་ཚོགས་ཀྱི་བྱ་བ་སྒྲུབ་ཐེངས་ཇེ་ཉུང་དུ་འགྲོ་བ་དང་། རྒྱུ་ཆ་སྟབས་བདེ་རུ་འགྲོ་བ། དུས་ཚོད་ཇེ་ཐུང་དུ་འགྲོ་བ། ཉམས་ལེན་ཇེ་བཟང་དུ་འགྲོ་བ་བཅས་བྱ་དགོས། །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།